འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུར་ཤུགས་སྣོན་བརྒྱབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་23ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
              མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ནས་ཤེས་རྟོགས་བྱས་པར། དབང་པོ་སྐྱོན་ཅན་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུར་ཤུགས་སྣོན་རྒྱག་ཆེད། 《དབང་པོ་སྐྱོན་ཅན་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུར་ཤུགས་སྣོན་རྒྱག་པའི་ལག་བསྟར་བསམ་འཆར་》པར་འགྲེམས་བྱས་ཏེ་ཞབས་ཞུའི་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞབས་ཞུའི་མཁོ་སྤྲོད་ཆེ་རུ་གཏོང་བ། སྟབས་བདེའི་ཞབས་ཞུའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
             《བསམ་འཆར་》བཏོན་པའི་དམིགས་ཡུལ་གཙོ་བོ་ནི་དབང་པོ་སྐྱོན་ཅན་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དགོས་མཁོ་ཕྱོགས་སྟོན་དུ་བྱས་ནས་དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་ཆེད་ཡིན་ཞིང་། ཞབས་ཞུའི་ཁྱབ་ཁོངས་སྔར་བས་ཆེ་རུ་གཏོང་བ་དང་། ཞབས་ཞུའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། ཞབས་ཞུའི་བྱེད་ཐབས་གསར་གཏོད་བྱེད་པ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་ཁྲིམས་རྩོད་པའི་གཞུང་དཔང་དང་། མི་དམངས་ཀྱི་འདུམ་འགྲིག ཁྲིམས་འཛིན་དཔྱད་སྡོམ། བཅའ་ཁྲིམས་རོགས་སྐྱོར། ཁྲིམས་སྐྱོང་དྲིལ་བསྒྲགས་སོགས་ཐད་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མཁོ་སྤྲོད་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།