འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་དུ་ཟླ་5པར་མི་ཐེངས་ཁྲི་1109.3ལ་རང་བྱུང་གི་གནོད་འཚེ་སྣ་ཚོགས་ཕོག་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་23ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། འཕྲལ་སྡོམ་དོ་དམ་པུའུ་དང་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་ཨུ་ལྷན་གཞུང་དོན་ཁང་གིས། ཉེ་ཆར་སྡེ་ཚན་མང་པོ་དང་མཉམ་དུ་འདི་ལོའི་ཟླ་5པར་རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་གནས་ཚུལ་ལ་གྲོས་བསྡུར་དང་དབྱེ་ཞིབ་བྱས་པ་རེད། ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད་ཟླ་5པར་རྒྱལ་ཡོངས་སུ་མི་ཐེངས་ཁྲི་1109.3ལ་རང་བྱུང་གི་གནོད་འཚེ་ཕོག་ནས་མི་82རྐྱེན་ལམ་དུ་ཤོར་བ་དང་། མི་8གར་སོང་ཆ་མེད་དུ་གྱུར་བ། མི་ཐེངས་ཁྲི་6.6ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་བྱས་པ་རེད།
              ཡོངས་བསྒྲགས་བྱས་པའི་གནོད་འཚེའི་གནས་ཚུལ་གྱི་བསྡོམས་རྩིས་ལ་གཞིགས་ན། ཟླ་5པར་རང་བྱུང་གནོད་འཚེ་སྣ་ཚོགས་ཀྱིས་རྐྱེན་པས་ཁང་མིག་4000ལྷག་ཙམ་བརྡིབས་པ་དང་། ཁང་མིག་ཁྲི་2.1ལ་གནོད་འཚེ་ཚབས་ཆེན་ཕོག་པ། ཁང་མིག་ཁྲི་31.9ལ་གནོད་འཚེ་ཆུང་ཙམ་ཕོག་པ་བཅས་དང་། ཞིང་ལས་སྐྱེ་དངོས་ལ་གནོད་འཚེ་ཕོག་པའི་རྒྱ་ཁྱོན་སྤྱི་ཆིང་སྟོང་2035.1ཟིན་པའི་ཁྲོད་སྤྱི་ཆིང་སྟོང་162.5སྟོན་འབབ་རྩ་ཆད་བྱུང་བ་དང་། ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་101.3ཕོག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།