འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ང་ཚོར་གཞི་ནས་དྭངས་གཙང་འཐུང་ཆུ་སྤྱོད་རྒྱུ་བྱུང་སོང་། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་23ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། 2015ལོའི་ཟླ་11པར་ཀྲུང་གོ་སྲིད་གཞུང་གིས་ཀག་ནའི་ཞིང་ཆེན་6གི་གྲོང་ཚོ་832ལ་ཁྲོན་པ་1000འདྲུ་རོགས་བྱས་ཏེ་ཀག་ནའི་གྲོང་གསེབ་ས་ཁུལ་གྱི་འཐུང་ཆུའི་དཀའ་ངལ་ཐག་གཅོད་བྱ་རྒྱུའི་ཐག་བཅད་ཡོད། རྣམ་གྲངས་དེ་ཅང་ཤིས་ཀྲུང་མེ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བ་དང་2015ལོའི་ཟླ་12པར་ལས་འགོ་ཚུགས་པ་རེད། མིག་སྔར་རྣམ་གྲངས་ལས་མཇུག་འགྲིལ་བའི་དུས་མཚམས་སུ་སླེབས་ནས་ལས་གྲྭ་ཡོངས་སྔོན་གྱི་འཆར་གཞི་ལས་ལོ་ཕྱེད་ཙམ་སྔ་སྣུར་དུ་ལེགས་འགྲུབ་ཐུབ་པས་སྔོན་དཔག་བྱས་ན་རྣམ་གྲངས་དེས་ཀག་ནའི་མང་ཚོགས་ཁྲི་50ལ་ཕན་པ་ཐོབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།