འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲང་ཡུས་ལིས་ལོ་5རིང་རི་ཁུག་གི་ཕྲུ་གུའི"རོལ་དབྱངས་ཀྱི་ཕུགས་འདུན"འགྲུབ་རྒྱུ་མཐའ་འཁྱོངས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་23ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ད་ལོ་ལོ་63ལ་སླེབས་པའི་ཀྲང་ཡུས་ལི་ནི་ཧོ་པེ་ཐང་ཧྲན་ནས་ཡིན་པ་དང་། རྒན་ཡོལ་མ་ཞུས་གོང་ཁའེ་ལོན་རིག་རྩལ་ཚོགས་པའི་ཨོག་ལེན་ཆུང་གྲས་གཏོང་མཁན་ཞིག་རེད། 2013ལོར་ཀྲང་ཡུས་ལིས་ཐའེ་ཧང་ཧྲན་ཁུལ་ཤིན་ཐའེ་རྫོང་གི་ནུབ་རྒྱུད་གྲོང་གསེབ་སློབ་གྲྭའི་རོལ་དབྱངས་སློབ་གསོའི་རྨང་གཞི་ཞན་པ་དང་དེ་བས་ཨོག་ལེན་ཆུང་གྲས་སློབ་མཁན་མེད་པའི་གནས་ཚུལ་ཤེས་རྟོགས་ཐུབ་རྗེས། སློབ་སྐྱོར་གྱི་ལམ་བུར་བསྐྱོད་རྒྱུའི་བསམ་བློ་འཁོར་བ་རེད།
              ལོ་ལྔ་ཡི་རིང་། ཀྲང་ཡུས་ལིས་ཧོ་པེ་ཤིན་ཐའེ་རྫོང་ནུབ་རྒྱུད་རི་ཁུལ་གྱི་ས་ཆ་ཁག་ཏུ་བསྐྱོད་ནས་རོལ་དབྱངས་ལ་དགའ་པོ་ཡོད་མཁན་གྱི་སློབ་ཆུང་སློབ་མར་རིན་མི་དགོས་པར་ཨོག་ལེན་ཆུང་གྲས་གཏོང་སྟངས་བསླབས་ཡོད། སློབ་མ་རྣམས་རི་ཁུལ་གྱི་སློབ་གྲྭ་ཁག་5ལ་ཁ་ཐོར་དུ་གནས་པ་དང་། སློབ་གྲྭའི་དབར་བར་ཐག་རིང་ཤོས་སྤྱི་ལེ་50ཙམ་ཡོད། ཀྲང་ཡུས་ལིས་ཉིན་ལྟར་དུས་ཚོད་གཏན་འཁེལ་ཐོག་སློབ་གྲྭར་ཡོང་སྟེ་ཕྲུ་གུ་ཚོར་ཨོག་ལེན་ཆུང་གྲས་གཏོང་སྟངས་སློབ་རྒྱུ་མཐའ་འཁྱོངས་བྱས་ཡོད།
             ལོ་ལྔ་ཡི་རིང་འབད་བརྩོན་བརྒྱུད་ཕྲུ་གུ་ཚོའི་རོལ་དབྱངས་གཏོང་སྟངས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། ཀྲང་ཡུས་ལིས་ཨོག་ལེན་ཆུང་གྲས་གཏོང་རྒྱུར་མཛུབ་ཁྲིད་བྱེད་པའི་ཕྲུ་གུ་100ལྷག་ཙམ་ཟིན་པ་དང་། དེའི་ནང་སློབ་མ་9ཨོག་ལེན་ཆུང་གྲས་ཀྱི་རིམ་པ་བརྒྱད་ཀྱི་ཡིག་རྒྱུགས་ལོན་པ་དང་། སློབ་མ་50ལྷག་ཙམ་རིམ་བཞིའི་ཡིག་རྒྱུགས་ལོན་ཡོད་པ་རེད། ཀྲང་ཡུས་ལིས་སྤོབས་སེམས་ཆེན་པོས“རི་ཁུལ་གྱི་ཕྲུ་གུ་དེ་བས་མང་བ་ཞིག་གིས་གར་སྟེགས་ཐོག་སྒྱུ་རྩལ་ངོམས་ནས་རོལ་དབྱངས་ཀྱི་ཕུགས་འདུན་འགྲུབ་རྒྱུའི་རེ་བ་ཡོད། དེ་འདྲ་བྱུང་ན་རང་གིས་འབད་བརྩོན་བྱས་པར་དོན་སྙིང་ལོས་ཡོད”ཅེས་བཤད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།