འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཕྱོགས་ཀྱི་ས་ཁུལ་ཁག་གཅིག་ལ་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཆེན་པོ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་23ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཁའ་རླུང་ཚ་གྲང་གི་ཤུགས་རྐྱེན་ཕོག་པའི་དབང་གིས་ཟླ་6ཚེས་17ནས་19ཉིན་བར་ལྷོ་ནུབ་མཚམས་ཀྱི་ཤར་རྒྱུད་དང་། ནུབ་བྱང་མཚམས་ཀྱི་ཤར་ལྷོའི་རྒྱུད། རྨ་ཆུ་དང་ཧོའེ་ཧོ་གཙང་པོའི་ནུབ་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ལ་དྲག་ཆར་བབས་ཡོད། ཆར་པ་བབས་པའི་རྐྱེན་གྱིས་འབྲི་ཆུའི་འགག་གསུམ་ཆུ་མཛོད་ལ་ཚེས་19ཉིན་གྱི་ཆུ་ཚོད་གཉིས་པར་སྐར་ཆ་རེར་མང་ཤོས་ལ་ཆུ་སྨི་རྒྱ་དཔངས་ངོས་གྲུ་18000རྒྱུགས་པ་དང་། ཧན་ཅང་གཙང་པོ་དང་ཏན་ཅང་གཙང་པོའི་ཆུ་མཛོད་ལ་ཚེས་19ཉིན་གྱི་ཆུ་ཚོད་14ཙམ་ལ་སྐར་ཆ་རེར་མང་ཤོས་ལ་ཆུ་སྨི་རྒྱ་དཔངས་ངོས་གྲུ་6160རྒྱུགས་ནས་སྤྱིར་བཏང་གི་འབྲུབ་ཆུ་རྒྱས་པ་དང་། ཆུ་བོ་འབྲིང་ཆུང་རྒྱུག་ཁུལ་ཁག་གཅིག་ལ་ཉེན་བརྡ་གཏོང་བའི་འབྲུབ་ཆུ་རྒྱས་མཚམས་ལས་སྒྲོལ་ནའང་ཆུ་ཁ་ཆག་ཡོད།
           རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་ཆུ་བེད་པུས་སྔོན་ནས་འབྲེལ་ཡོད་ཞིང་ཆེན(རང་སྐྱོང་ལྗོངས)ལ་དྲག་ཆར་འབབ་རྒྱུའི་སྔོན་འགོག་གི་བརྡ་ཐོ་བཏང་ནས་ལས་དོན་བཀོད་སྒྲིག་ཡག་པོ་བྱེད་དགོས་པ་བསྟན་ཡོད། ཉེ་ཆར་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་ལས་དོན་ཚོགས་ཆུང་ལྔས། ཨན་ཧུའེ་དང་། ཅང་ཤིས། ཧོ་ནན། ཧུའུ་པེ། ཀུའེ་ཀྲོའུ་སོགས་འབྲུབ་འགོག་གི་འཐབ་ས་མདུན་མར་ས་གནས་ལ་གཞོགས་འདེགས་བྱས་ཏེ་འབྲུབ་འགོག་དང་གནོད་འཚེ་ཉུང་གཏོང་གི་ལས་དོན་མུ་མཐུད་སྤེལ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།