འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་དཀའ་ཚེགས་ཆེ་བའི་མཐའ་མཚམས་བོད་རིགས་ས་ཁུལ་གྱི་ལས་ཀའི་གོ་མིང་
    དཔྱད་ཞིབ་ཚད་གཞི་ལེགས་སྒྲིག་དང་ལེགས་སྒྱུར་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་20ཉིན། 12:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱིས་ལས་ཀའི་གོ་མིང་ལམ་ལུགས་སྒྱུར་བཅོས་སྐོར་གྱི་ལག་བསྟར་བསམ་འཆར་བཏོན་པའི་ནང་། དཀའ་ཚེགས་ཆེ་བའི་མཐའ་མཚམས་བོད་རིགས་ས་ཁུལ་གྱི་ལས་ཀའི་གོ་མིང་དཔྱད་ཞིབ་གདེང་འཇོག་ཚད་གཞི་ལེགས་སྒྲིག་དང་ལེགས་སྒྱུར་བྱས་ནས། དཔྱད་ཞིབ་བྱ་ཡུལ་གྱི་ལག་ལེན་ཉམས་མྱོང་དང་ལས་སྒྲུབ་འཇོན་ཐང་སྔར་བས་གཙིགས་སུ་འཛིན་རྒྱུ་ཡིན་པ་ལས་དཔྱད་རྩོམ་དང་ཚན་ཞིབ་གྲུབ་འབྲས་ཀྱི་གཅིག་གྱུར་བླང་བྱ་མི་འདོན་རྒྱུ་ཁ་གསལ་བསྟན་ཡོད་པ་རེད།
            མཚོ་སྔོན་ཞིང་ཆེན་གྱི་ས་བབ་མཐོ་ཚད་ཆ་སྙོམས་སྨི་4058.4ཟིན་ཅིང་ཞིང་འབྲོག་པས་ཞིང་ཆེན་ཡོངས་ཀྱི་མི་གྲངས་སྡོམ་འབོར་གྱི་56%ཟིན་ཡོད། གཞི་རིམ་གྱི་ཞབས་ཞུའི་ལས་ཀའི་བླང་བྱ་དང་སྔར་བས་འཚམ་པའི་ལས་ཀའི་གོ་མིང་དཔྱད་ཞིབ་ལམ་སྲོལ་བཙུགས་ནས་དུས་ཡུན་རིང་པོར་ས་མཐོར་གཞི་བཙུགས་ཤིང་དཀའ་ཚེགས་ཆེ་བའི་མཐའ་མཚམས་བོད་རིགས་ས་ཁུལ་བརྟན་སྲུང་བྱེད་པའི་ཆེད་ལས་ལག་རྩལ་ཤེས་ལྡན་པར་སྔར་བས་སྐུལ་ལྕག་གཏོང་ཆེད། མཚོ་སྔོན་གྱིས་ཉེ་ཆར་དམིགས་སའི་རང་བཞིན་ལྡན་པའི་ལས་ཀའི་གོ་མིང་ལམ་ལུགས་སྒྱུར་བཅོས་སྐོར་གྱི་གཏན་འབེབས་གསར་པ་རབ་དང་རིམ་པ་བཏོན་པ་རེད།
           ལག་བསྟར་བསམ་འཆར་དེའི་ནང་དུ། དཀའ་ཚེགས་ཆེ་བའི་མཐའ་མཚམས་བོད་རིགས་ས་ཁུལ་གྱི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་ལས་ཀའི་གོ་མིང་དཔྱད་ཞིབ་ཆ་རྐྱེན་དམའ་རུ་གཏོང་རྒྱུ་དང་། ཕྱིའི་སྐད་ཡིག་དང་རྩིས་འཁོར་བཀོལ་སྤྱོད་འཇོན་ཐང་ཕུད་དཔྱད་རྩོམ་དང་ཚན་ཞིབ་གྲུབ་འབྲས་ཀྱི་གཅིག་གྱུར་བླང་བྱ་མི་འདོན་པར་ལས་ཀ་ཕྱོགས་བསྡོམས་དང་། རྟོག་ཞིབ་སྙན་ཞུ། ཁྲིད་ཡིག ནད་ཐོ་སོགས་ཀྱིས་དཔྱད་རྩོམ་གྱི་ཚབ་བྱེད་པའི་ལམ་སྲོལ་འཚོལ་ཞིབ་བྱ་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་དེས་ད་དུང་དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ་ལ་སྤྱི་ཚོགས་ཀྱི་གདེང་འཇོག་དང་ཁྲོམ་རའི་གདེང་འཇོག་བྱ་རྒྱུ་དང་ཆབས་ཅིག གཞི་རིམ་དཔྱད་ཞིབ་ཚོགས་ཆུང་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་ཀྱི་དཔྱད་ཞིབ་ཚོགས་ཆུང་སོགས་ཀྱང་ལོགས་སུ་བཙུགས་ཏེ་གཞི་རིམ་དཔྱད་ཞིབ་ཀྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་འབུར་དུ་ཐོན་པར་བྱ་རྒྱུ་རེད། གཞན་ཡང་། ཞིང་ཆེན་དེའི་རང་སྐྱོང་ཀྲོའུ་ཁག་གིས་ཀྱང་ལས་ཀའི་གོ་མིང་དཔྱད་ཞིབ་ཨུ་ལྷན་བཙུགས་ཐོག་རང་ས་ཁུལ་གྱི་གཞི་རིམ་ཆེད་ལས་ལག་རྩལ་པར་དཔྱད་ཞིབ་ཆ་རྐྱེན་ལོགས་སུ་བཏོན་ནས“ཕྱོགས་ངེས་གདེང་འཇོག་དང་ཕྱོགས་ངེས་བེད་སྤྱོད”བྱེད་ཆོག་གི་ཡོད་པ་རེད།
           མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་སྐོར་གཟིགས་པ་ཀྲང་ཡན་ཧྲན་གྱིས། ཤེས་ལྡན་པ་གཞི་རིམ་དང་ཞིང་འབྲོག་ཁུལ་དུ་བསྐྱོར་རྒྱུར་རྒྱབ་སྐྱོར་དང་ལྕག་སྐུལ་བྱེད་པ་ནི་ཐེངས་འདིའི་ལས་ཀའི་གོ་མིང་ལམ་ལུགས་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་གཞན་ཞིག་ཡིན་པ་རེད། སླད་ཕྱིན། གཞི་རིམ་གྱི་ཆེད་ལས་ལག་རྩལ་པས་མཚོ་སྔོན་ལྷོ་རྒྱུད་སོགས་དཀའ་ཚེགས་ཆེ་བའི་མཐའ་མཚམས་བོད་རིགས་ས་ཁུལ་གྱི་ཤང་གྲོང་དུ་བསྟུད་མར་ལོ་10ཡན་ལས་ཀ་བྱས་རིགས་ལ། ས་བབ་མཐོ་ཁུལ་གྱི་ལས་ཡུན་བརྩི་སྲོལ་ལྟར་ཞབས་ཞུའི་ལོ་ཚད་བརྩི་རྒྱུ་དང་། ས་ཁུལ་གཞན་དག་གི་སློབ་གསོ་དང་འཕྲོད་བསྟེན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་རིམ་པ་མཐོ་བའི་ལས་ཀའི་གོ་མིང་ལ་འཕར་སྐབས་ཁོང་ཚོའི་གཞི་རིམ་ཞབས་ཞུའི་ཉམས་མྱོང་དེ་གདེང་འཇོག་དམིགས་ཚད་གལ་ཆེན་ཞིག་ཏུ་བརྩི་རྒྱུ་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།