འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་གཏན་འབེབས་གསར་པ་བཏོན་ནས་ལས་ཀའི་གོ་མིང་གདན་ཞུས་ལས་བསྐོས་ཀྱི
    "ཚེ་གང་ལམ་ལུགས"ལག་ལེན་བསྟར་མཚམས་འཇོག་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་20ཉིན། 12:31】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས་《ལས་ཀའི་གོ་མིང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》དངོས་སུ་བཏོན་པ་རེད། 《ལག་བསྟར་བསམ་འཆར་》ནང་མཚོ་སྔོན་གྱིས་ལས་ཀའི་གོ་མིང་གདན་ཞུས་ལས་བསྐོས་ཕྱིར་འཐེན་ལམ་སྲོལ་བཙུགས་ཏེ་ད་ནས་བཟུང་ལས་ཀའི་གོ་མིང་གདན་ཞུས་ལས་བསྐོས་ཀྱི“ཚེ་གང་ལམ་ལུགས”ལག་ལེན་བསྟར་མཚམས་འཇོག་རྒྱུ་དང་། ལས་ཀའི་གོ་མིང་གི་ཕྱིའི་སྐད་ཡིག་དང་རྩིས་འཁོར་གྱི་ཡིག་རྒྱུགས་དེ་འགྱུར་མེད་བླང་བྱ་ཞིག་ལ་མི་བརྩི་བ། དཔྱད་རྩོམ་དེ་བཀོལ་སྤྱོད་རྣམ་པའི་ཤེས་ལྡན་པར་གདེང་འཇོག་བྱེད་པའི་ཚོད་འཛིན་རང་བཞིན་གྱི་ཆ་རྐྱེན་ལ་མི་བརྩི་བ་སོགས་བསྟན་ཡོད་པ་རེད།
            《ལག་བསྟར་བསམ་འཆར་》གཞིར་བཟུང་མཚོ་སྔོན་གྱིས་ལས་ཀའི་གོ་མིང་གི་ཕྱིའི་སྐད་ཡིག་དང་རྩིས་འཁོར་གྱི་ཡིག་རྒྱུགས་ནང་ཞུགས་དགོས་པའི་འགྱུར་མེད་བླང་བྱ་མ་བཏོན་ནའང་། ངེས་པར་དུ་གདེང་འཇོག་བྱེད་དགོས་རིགས་ལ་མི་སྤྱོད་ཚན་པའམ་ཡང་ན་ལས་རིགས་གཙོ་གཉེར་སྡེ་ཚན་ཁག་གིས་རང་ཚུགས་སུ་དཔྱད་ཞིབ་ཆ་རྐྱེན་གཏན་འཁེལ་བྱེད་དགོས་པ་རེད། གཞི་རིམ་དང་དེ་བཞིན་ལག་ལེན་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་བའི་ཆེད་ལས་ལག་རྩལ་ལས་གནས་རིགས་ལ་དཔྱད་རྩོམ་དགོས་པའི་བླང་བྱ་མི་བཏོན་པར་ཁེ་བེད་བདག་ཐོབ་ཀྱི་གྲུབ་འབྲས་དང་། རྣམ་གྲངས་སྙན་ཞུ། སློབ་ཁྲིད་ཇུས་གཞི། གསར་འགྱུར་བརྩམས་ཆོས་སོགས་རྣམ་པས་ཚབ་བྱེད་པའི་ཐབས་ལམ་་འཚོལ་ཞིབ་བྱ་རྒྱུ། མི་སྤྱོད་གྲུབ་ཆ་དང་མི་སྤྱོད་དགོས་མཁོ་ཟུང་འབྲེལ་བྱ་རྒྱུ་གཙོ་བོར་འཛིན་པ་དང་གདེང་འཇོག་གྲུབ་འབྲས་གཞིར་བཟུང་། ཆེད་ལས་ལག་རྩལ་མི་སྣ་ལུགས་མཐུན་ངང་བེད་སྤྱད་ནས་ལས་ཀའི་གོ་མིང་གདེང་འཇོག་གྲུབ་འབྲས་དེ་ཤེས་ལྡན་པ་གདན་ཞུས་བཀོལ་སྤྱོད་དང་། དཔྱད་ཞིབ། གོ་གནས་རིམ་སྤོར་སོགས་མི་སྤྱོད་ལམ་ལུགས་དང་འབྲེལ་མཐུད་ནུས་ལྡན་ཡོང་བ་བྱ་རྒྱུ། ལས་གནས་སྟབས་བསྟུན་དོ་དམ་དང་འགྲན་རྩོད་ལས་ཞུགས་དང་། ཆེད་ལས་ལག་རྩལ་མི་སྣའི་ལས་ཀའི་གོ་མིང་དཔྱད་ཞིབ་ཐད་ལས་ཀའི་གོ་མིང་གདན་ཞུས་ལས་བསྐོས་ཕྱིར་འཐེན་ལམ་སྲོལ་འཛུགས་པ། གདན་ཞུས་རྗེས་སུ་དཔྱད་ཞིབ་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཀའི་གོ་མིང་གདན་ཞུས་ལས་བསྐོས་ཀྱི“ཚེ་གང་ལམ་ལུགས”ལག་ལེན་བསྟར་མཚམས་འཇོག་པ་བཅས་བྱས་ནས་ལས་ཀའི་གོ་མིང་གདན་ཞུས་ལས་བསྐོས་དང་དོ་དམ་གྱི་ཐབས་ལམ་ཤར་བགྲོད་ཐུབ་པར་བྱ་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།