འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དཔལ་འབྱོར་བརྟན་པོའི་སྒོ་ནས་སྤུས་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་སོང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་20ཉིན། 12:45】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་ལྔ་པའི་དཔལ་འབྱོར་གྲངས་གཞི་སྔ་རྗེས་སུ་ཐོན་པའི་ཐོག་ནས་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་འཁོར་ཤུལ་གསར་པ་ཞིག་མངོན་གྱི་ཡོད་པ་རེད། འདི་ལོའི་ལོ་འགོ་ནས་བཟུང་ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ནས་བརྟན་ཐོག་ཡར་འཕེལ་བྱུང་བའི་རྣམ་པ་བཟང་པོ་ཞིག་ཐོན་པ་དང་། སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་ཕྱིན་ཏེ་འགོ་ཡག་པོ་འཛུགས་ཐུབ་པ་བྱུང་བ་མ་ཟད། ད་དུང་སྒྱུར་བཅོས་སྒོ་དབྱེའི་བྱེད་ཐབས་གསར་པ་རབ་དང་རིམ་པས་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་ཞིག་ཀྱང་བསྣན་ཡོད་པ་རེད།
           སྤྱི་ཁོག་དཔལ་འབྱོར་སྔར་བས་བརྟན་པོ་བྱུང་ཞིང་། དཔལ་འབྱོར་དམིགས་ཚད་གཙོ་བོ་བརྟན་པོའི་སྒོ་ནས་མངོན་འགྱུར་ཡོང་འགོ་ཚུགས་ཏེGDPདུས་ཚིགས་11བསྟུད་མར་6.7%ནས་6.9%བར་མུ་མཐུད་འཕར་བ་རྒྱུན་འཁྱོངས་ཐུབ་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་སོང་ནས་དུས་ཚིགས་དང་པོར་བཟོ་ལས་ཐོན་ནུས་བེད་སྤྱོད་བྱེད་ཚད་76.5%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.7མཐོ་རུ་སོང་བ་དང་ཉེ་བའི་ལོ་ཤས་རིང་གི་ཚད་གཞི་མཐོ་བའི་ཆུ་ཚད་རྒྱུན་འཁྱོངས་ཐུབ་པ། ཟླ་ལྔ་པར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད་4.8%ཟིན་པ་དེ་ཟླ་འཁོར་གྱི་ཟླ་བསྡུར་དང་ལོ་བསྡུར་ལས་ཆ་སྙོམས་བྱས་ན་བརྒྱ་ཆའི་གྲངས་0.1ཆག་ཡོད་པ་རེད།
           བྱེ་བྲག་དཔལ་འབྱོར་དེ་བས་གསོན་ཉམས་དོད་ཅིང་། སྤྱི་ཚོགས་ཧྲིལ་པོའི་གློག་སྤྱོད་ཚད་དང་ལྕགས་ལམ་ཐོག་དངོས་ཟོག་འདྲེན་ཚད་སོགས་ཀྱི་དངོས་པོའི་དམིགས་ཚད་མུ་མཐུད་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་དེ་ཐོག་ནས་ཁེ་ལས་རྒྱ་བསྐྱེད་ཀྱི་སྒུལ་ཤུགས་ཆེ་ཙམ་ཡོད་པ་མཚོན་གྱི་ཡོད། གསར་སྣོན་ཁྲོམ་རའི་བྱེད་པོ་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་བྱུང་སྟེ། ཟླ་གསུམ་པའི་ཟླ་དཀྱིལ་དུ་སླེབས་སྐབས་རྒྱལ་ཡོངས་ཀྱི་རིགས་མི་འདྲ་བའི་ཁྲོམ་རའི་བྱེད་པོའི་བསྡོམས་འབོར་ཚོང་དུད་དུང་ཕྱུར་གཅིག་ལས་བརྒལ་བའི་ཁྲོད་ཁེ་ལས་ཁྲི་3100ལས་བརྒལ་བ་དང་། ཁྲོམ་རའི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་སོང་བ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་སོང་ཡོད་པ་རེད།
           འཕེལ་རྒྱས་ཀྱི་སྒུལ་ཤུགས་དེ་བས་ཆེ་ཞིང་། འཕར་ཁྲལ་སྒྱུར་བཅོས་གཏིང་ཟབ་བྱེད་པ་སོགས་ཀྱི་ཁྲལ་རིན“ཁུག་དམར”བསྟུད་མར་འདོན་སྤྲོད་བྱས་པས་དངོས་ཚན་དཔལ་འབྱོར་གྱི་མ་གནས་དམའ་རུ་ནུས་ལྡན་སོང་བ་དང་། ཕྱོགས་སྒྱུར་རིམ་སྤོར་གྱི་སྒུལ་ཤུགས་དེ་བས་ཆེ་རུ་སོང་བ། ཟླ་དང་པོ་ནས་ཟླ་བཞི་པ་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་15%འཕར་ཡོད། ཁེ་ལས་ཀྱི་ཕན་འབྲས་ཆེ་རུ་དང་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་སོང་སྟེ་ནོར་སྲིད་ཡོང་འབབ་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕར་རྒྱུར་འབྱུང་རྩ་ནས་གསོན་ཤུགས་ཤིག་མཁོ་འདོན་ཐུབ་ལ་དམངས་འཚོ་ལེགས་གཏོང་དང་དབུལ་སྒྲོལ་འགག་སྒྲོལ་སོགས་ཐད་ཀྱི་ནོར་སྲིད་ཀྱི་གཏོང་སྤྲོད་བྱེད་ཤུགས་ཀྱང་འགན་ལེན་ནུས་ལྡན་ཐུབ་ཡོད་པ་རེད།
           ཁྲོམ་ར་སྔོན་དཔག་བྱས་པ་ལས་དེ་བས་ལེགས་ཤིང་། དཔལ་འབྱོར་འཁོར་རྒྱུག་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། ཁྲོམ་རར་སྐུལ་ཁྲིད་བྱེད་པའི་གདེང་ཚོད་མུ་མཐུད་ཆེ་རུ་སོང་བ། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་འདི་ལོའི་དུས་ཚིགས་གཉིས་པའི་ཁེ་ལས་མཁས་ཅན་གྱི་འདྲི་ཤོག་བརྟག་དཔྱད་སྙན་ཞུའི་ཐོག་ནས་མངོན་པར་ཁེ་ལས་མཁས་ཅན་གྱི་གདེང་ཚོད་སྟོན་གྲངས་75.8%ཟིན་པ་དེ་དུས་ཚིགས་གོང་མ་ལས་བརྒྱ་ཆའི་གྲངས་1.6འཕར་བ་དང་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་10.4མཐོ་རུ་སོང་བ། ཟླ་ལྔ་པའི་བར་བཟོ་སྐྲུན་ལས་རིགས་ཀྱིས་་མཁོ་སྒྲུབ་ཅིང་ལིའི་སྟོན་གྲངས(PMI)ཟླ་ཉེར་གསུམ་བསྟུད་མར་འཕར་ཆག་གི་ཚད་གཞིའི་50%ཡན་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།