འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་སྤྱི་ལེ་ངོས་གྲུ་500ཙམ་གྱི་གཞི་རྒྱུ་སེ་འདུས་པའི་ས་རྒྱུའི་ཐོན་ཁུངས་རྩད་ཆོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་20ཉིན། 12:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པར་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་ནས་ཤེས་རྟོགས་བྱུང་བར། ཚ་འདམ་གཞོང་སའི་ཏུའུ་ལན་དང་། གོར་མོ། གཏེར་ལེན་ཁ—ཝུའུ་ལན་ས་ཁུལ་བཅས་སུ་གཞི་རྒྱུ་སེ་འདུས་པའི་ས་རྒྱུའི་ཐོན་ཁུངས་སྤྱི་ལེ་ངོས་གྲུ་544.1ཡོད་པ་ཤེ་རྟོགས་བྱུང་བ་ནི་མཚོ་སྔོན་ཤར་རྒྱུད་ས་ཁུལ་དུ་གཞི་རྒྱུ་སེ་འདུས་པའི་ས་རྒྱུའི་ས་ཁོངས་ཤེས་རྟོགས་བྱུང་རྗེས་སླར་ཡང་གཞི་རྒྱུ་སེ་འདུས་པའི་ཐོན་ཁུངས་རྩད་གཅོད་ཐད་ཀྱི་ཚད་བརྒལ་ཞིག་རེད།
            ངོ་སྤྲོད་བྱས་པ་གཞིར་བཟུང་། ད་ཐེངས་རྩད་ཆོད་པའི་སེ་གཞི་རྒྱུ་འདུས་པའི་ས་རྒྱུའི་ཁྲོད་ནུའོ་མོ་ཧུང་ས་ཁུལ་གྱི་གཞི་ཁྱོན་སྤྱི་ལེ་ངོས་གྲུ་413.6ཟིན་པ་དང་། གོར་མོར་སྤྱི་ལེ་ངོས་གྲུ་52.8ཟིན་པ། གཏེར་ལེན་ཁ—ཝུའུ་ལན་དུ་སྤྱི་ལེ་ངོས་གྲུ་77.7ཟིན་པ་རེད། ས་ཁོངས་དེའི་སྟོང་ཁེ་རེའི་ས་རྒྱུའི་ཁྲོད་གཞི་རྒྱུ་སེ་འདྲེས་ཚད་ཧའོ་ཁེ་0.23ནས་2.8བར་ཡིན་པ་དང་ཆ་སྙོམས་འདྲེས་ཚད་ཧའོ་ཁེ་0.4ཟིན་པ་དེ་དེ་སྔོན་མཚོ་སྔོན་ཤར་རྒྱུད་དུ་ཤེས་རྟོགས་ཐུབ་པའི་གཞི་རྒྱུ་སེ་འདུས་པའི་ས་རྒྱུའི་སེའི་འདྲེས་ཚད་དང་མཚུངས་ཀྱི་ཡོད་པ་རེད།
            རིགས་གཅིག་མཁས་ཅན་གྱིས་བརྟག་དཔྱད་དང་དབྱེ་ཞིབ་བྱས་པར། ཚ་འདམ་གཞོང་སའི་གཞི་རྒྱུ་སེ་འདུས་པའི་ས་རྒྱུ་ནི་ལོ་ངོ་ས་ཡ་དུ་མའི་སྔོན་གྱི་མཚེའུ་ཡི་ཞབས་སུ་ཕུང་གསོག་ཐེབས་དངོས་ལས་བྱུང་བ་དང་ས་རྒྱུའི་ཁྲོད་ལྕི་བའི་ལྕགས་རིགས་ཀྱི་གཞི་རྒྱུ་ཚད་ལས་བརྒལ་མེད་པས་གཞི་རྒྱུ་སེ་འདུས་པའི་འབྱུང་ཁུངས་བརྟན་པོ་དང་། གཙང་ཞིང་སྦགས་བཙོག་མེད་པ། ནུས་ལྡན་གཞི་རྒྱུ་སེའི་འདྲེས་ཚད་མཐོ་བ་བཅས་ཀྱི་ལེགས་ཆ་ལྡན་ཡོད།
              ཀྲུང་གོ་ས་གཤིས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཐེན་ཤིས་ཁོ་ཡིས་ངོ་སྤྲོད་བྱས་པར་གཞི་རྒྱུ་སེ་ལ“སྐྲན་འགོག་རྒྱལ་པོ”ཞེས་བརྗོད་ཅིང་མིའི་ལུས་པོར་དགོས་ངེས་ཀྱི་ཚད་ཉུང་གཞི་རྒྱུ་ཞིག་ཡིན། དེར་དབྱང་འགྱུར་འགོག་པ་དང་མིའི་ལུས་པོའི་ནད་འགོག་ནུས་པ་བསྐྱེད་པའི་ནུས་པ་ལྡན་ཡོད། གཞི་རྒྱུ་སེ་འོས་འཚམ་ཞིག་གསབ་ཚེ་དབང་པོ་ཉམས་པ་དང་ནད་འགྱུར་འགོག་རྒྱུར་ཕན་པ་ཡོད། རང་རྒྱལ་དུ་གཞི་རྒྱུ་སེའི་ཐོན་ཁུངས་ཅུང་དཀོན་པ་དང་། མིག་སྔར་ཅང་ཤིས་དང་ཀྲེ་ཅང་། ཧའེ་ནན། མཚོ་སྔོན་སོགས་ཞིང་ཆེན་ཉུང་ཤས་ཤིག་ཏུ་གཞི་རྒྱུ་སེ་འདུས་པའི་ས་རྒྱུའི་ཐོན་ཁུངས་ཤེས་རྟོགས་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།