འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་དམག་ཨུད་ཀྱིས་《གསར་བརྗེའི་ས་བོན་རྒྱུན་འཛིན་ལག་བསྟར་བྱེད་པའི་རྩ་གནད་》
    པར་འགྲེམས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་20ཉིན། 12:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་དམག་ཨུད་ཀྱིས་《གསར་བརྗེའི་ས་བོན་རྒྱུན་འཛིན་ལག་བསྟར་བྱེད་པའི་རྩ་གནད་》པར་འགྲེམས་བྱས་པ་རེད། 《རྩ་གནད་》ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཤིང་། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པའི་མཛུབ་ཁྲིད་དགོངས་པ་དང་། གཞི་རྩའི་རྩ་དོན། ཤུགས་རྒྱག་སའི་གཙོ་གནད། ལས་ཀ་གཙོ་བོ་བཅས་ཁ་གསལ་བཟོས་པས་དེ་ནི་དུས་རབས་གསར་པར་གསར་བརྗེའི་ས་བོན་རྒྱུན་འཛིན་དང་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་བའི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་གལ་ཆེན་ཞིག་རེད།
           《རྩ་གནད་》ནང་གསར་བརྗེའི་ས་བོན་རྒྱུན་འཛིན་ཤུགས་ཆེན་བྱེད་རྒྱུ་དེ་དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་སྟོབས་ཆེན་སྐྲུན་པའི་འཐབ་ཇུས་ལས་འགན་དང་རྨང་གཞིའི་འདུ་འགོད་ཅིག་ཡིན་པས་དཔོན་དམག་ལ་ལོ་རྒྱུས་བརྟན་པོར་ངེས་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པ། འགན་འཁྲི་བློ་ལ་བརྟན་པོར་ངེས་པ། འབད་འབུངས་ལྷོད་མེད་བཅས་བྱེད་རྒྱུར་སྐུལ་མ་བཏང་བས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེའི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱས་ཏེ་མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲར་ཕྱོགས་ཡོངས་ནས་སྐྲུན་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། “ཡོད་པ་བཞིའི”གསར་བརྗེའི་དམག་མི་གསོ་སྐྱོང་དང“བཙན་པོ་བཞིའི”ཉམས་སད་ཐེག་ཐུབ་པའི་དཔུང་སྡེ་ཞུན་བརྡར་ལ་དམིགས་ནས་བསམ་བློའི་ཀ་རྟེན་བརྟན་དུ་གཏོང་བ་དང་ཏང་ལ་མཐའ་གཅིག་ཏུ་ལྷག་བསམ་ཟོལ་མེད་བྱེད་པའི་རྩ་བ་དམ་པོར་བཟུང་སྟེ་རྩ་བ་བརྟན་པོ་དང་བླ་སྲོག་སྐྲུན་རྒྱུ་མངོན་གསལ་དོད་པོ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་དམག་འཐབ་ཧུར་ཐག་རྒྱག་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་ཤུགས་ཆེར་གཏོང་བ། ལག་ལེན་ལ་ཞུགས་རྒྱུར་དོ་སྣང་ཆེན་པོ་བྱེད་པ། གསར་གཏོད་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་བཅས་ཀྱི་གཞི་རྩའི་རྩ་དོན་ཁོང་དུ་ཆུད་པ་དང་། དད་མོས་ཀྱི་རྩ་བ་བརྟན་པོ་འཛུགས་པ། ལོ་རྒྱུས་ལ་བརྟེན་ནས་མིར་སློབ་གསོ་རྒྱག་པ། གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱོད་པ། ལག་ལེན་གྱིས་ཞུན་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ། གསར་བརྗེའི་ས་བོན་དཔོན་དམག་གི་ཁྲག་རྒྱུན་ནང་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་བ། རང་དམག་གི་ཁྲག་རྒྱུན་རྒྱུན་མཐུད་དང་། རྩ་བ་གཏན་གནས། ལེགས་ཆ་ནམ་ཡང་གནས་ཐུབ་པ་བཅས་ཀྱི་འགན་ལེན་བྱས་ཐོག་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ཆབ་སྲིད་ཀྱི་འཚོ་བཅུད་དང་སྒུལ་ཤུགས་སྟོབས་ཆེན་མཁོ་འདོན་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
           《རྩ་གནད་》ནང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པར་སྲོག་ཤིང་ལ་སྲུང་སྐྱོབ་དང་ཏང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པའི་ལྷག་བསམ་ཟོལ་མེད་ཀྱི་བསམ་བློར་ཞུན་བརྡར་ཧུར་ཐག་བྱས་ཏེ་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དད་སེམས་བརྟན་པོ་དང་། སྒྱུར་བཅོས་བྱེད་ཕོད་པ་དང་ཚད་བརྒལ་བྱེད་ཕོད་པའི་གསར་གཏོད་འདུ་ཤེས་ཟབ་ཏུ་གཏོང་བ། གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པའི་དམག་འཐབ་ཀྱི་སྙིང་སྟོབས་གསོ་སྐྱོང་བྱེད་པ། ཚད་མཐོའི་རང་རྟོགས་དང་གང་གསུང་དེ་སྒྲུབ་ཀྱི་གསར་བརྗེའི་སྒྲིག་ལམ་དམ་ཞིང་དྲང་བར་བྱེད་པ། དམངས་གཅེས་དམངས་ཆེད་དང་དམག་དམངས་མཐུན་སྒྲིལ་གྱི་དམིགས་བསལ་ལེགས་ཆ་སྲ་བརྟན་གཏོང་བ་བཅས་བྱེད་དགོས། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པ་དང་། ཏང་གི་ལོ་རྒྱུས་དང་དམག་དཔུང་གི་ལོ་རྒྱུས་དྲིལ་བསྒྲགས་སློབ་གསོ་རྒྱག་པ། ལོ་རྒྱུས་ཉར་ཚགས་དང་། རྩོམ་སྒྲིག ཞིབ་འཇུག་བཅས་ལ་ཤུགས་སྣོན་རྒྱག་པ། དྲན་གསོའི་བྱེད་སྒོ་གལ་ཆེན་སྤེལ་བ། དམག་དཔུང་ལོ་རྒྱུས་ཁང་ཡག་པོ་སྐྲུན་པ་དང་ཡག་པོ་སྤྱོད་པ། གསར་བརྗེའི་རིག་གནས་གསར་སྤེལ་བཅས་བྱས་ཐོག་གསར་བརྗེའི་ས་བོན་ལ་ནམ་ཡང་གསོན་ཤུགས་ལྡན་པ་དང་ཟིལ་ཤུགས་མངོན་པར་བྱེད་དགོས་པ་ཁ་གསལ་བཏོན་པ་རེད།
           《རྩ་གནད་》ནང་རིམ་པ་ཁག་གིས་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་གསར་བརྗེའི་ས་བོན་རྒྱུན་འཛིན་བྱ་རྒྱུ་གནས་བབ་གལ་ཆེན་ལ་འཇོག་པ་དང་དཔུང་སྡེ་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱེད་པའི་ནང་འཇུག་དགོས། འགོ་ཁྲིད་གཙོ་བོས་འགན་འཁྲི་བ་ཨང་དང་པོ་ཡག་པོ་བྱེད་པ་དང་། ལས་འགན་ཁག་བགོས་འགོ་ཁྲིད་ཀྱིས་འཐབ་ཕྱོགས་དང་པོར་དོན་འཁྱོལ་ལ་དམ་འཛིན་བྱེད་པ། རིམ་ཁག་ཆབ་སྲིད་ལས་དོན་ལས་ཁུངས་ཀྱིས་ཞིབ་ཕྲའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལས་ཁུངས་ཀྱི་སྡེ་ཚན་གཞན་དག་གིས་གཞོགས་འདེགས་ཧུར་ཐག་བཅས་བྱེད་དགོས། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་བྱེད་ཐབས་ནུས་ལྡན་སྤྱད་ནས་དཔུང་སྡེར་རྒྱུན་འཛིན་བྱེད་པའི་ལས་དོན་ཁྲོད་འཕྲད་པའི་དངོས་ཡོད་དཀའ་ངལ་ཐག་གཅོད་རོགས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།