འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་རྒྱལ་དོན་བློན་ཆེན་ཀྲུང་གོར་འཚམས་འདྲིར་ཕེབས་ཏེ་ཀྲུང་གོ་ཕྱོགས་ལ་ཨ་རི་དང་
    ཁྲའོ་ཞན་གྱི་འགོ་ཁྲིད་པ་ཐུག་འཕྲད་བྱས་པའི་འབྲེལ་ཡོད་གནས་ཚུལ་བརྗོད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་15ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པའི་དྲི་བར་ལན་སྐྱོན་སྐབས། ཨ་རིའི་རྒྱལ་དོན་བློན་ཆེན་ཧྥེང་ཕེ་ཨའོ་ཀྲུང་གོར་འཚམས་འདྲིར་ཕེབས་ཏེ་ཀྲུང་གོ་ཕྱོགས་ལ་ཨ་རི་དང་ཁྲའོ་ཞན་གྱི་འགོ་ཁྲིད་པ་སིང་ཀ་ཕོར་དུ་ཐུག་འཕྲད་བྱས་པའི་འབྲེལ་ཡོད་ཀྱི་གནས་ཚུལ་བརྗོད་རྒྱུ་རེད་ཅེས་བཤད།
         ཀེང་ཧྲོང་གིས“རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཝང་དབྱིའི་གདན་ཞུས་ལྟར་རྒྱལ་དོན་བློན་ཆེན་ཧྥེང་ཕེ་ཨའོ་ཟླ་6ཚེས་14ཉིན་ཀྲུང་གོར་འཚམས་འདྲིར་ཕེབས་ནས་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ལ་བསམ་འཆར་སྤེལ་རེས་བྱ་རྒྱུ་མ་ཟད། ཨ་རིས་ཀྲུང་གོ་ཕྱོགས་ལ་ཨ་རི་དང་ཁྲའོ་ཞན་གྱི་འགོ་ཁྲིད་པ་སིང་ཀ་ཕོར་དུ་ཐུག་འཕྲད་བྱས་པའི་འབྲེལ་ཡོད་གནས་ཚུལ་ཡང་བརྗོད་རྒྱུ་རེད”ཅེས་བཤད།
         ཁོང་གིས་ཀྲུང་གོ་དང་ཨ་རི་ནི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་ཕྱོགས་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་ལ་འཛམ་གླིང་གི་ཁེ་ཕན་དང་ཡང་འཚམ་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ངང་རེ་སྒུག་བྱེད་པ་ཞིག་ཀྱང་རེད། ད་རེས་ཀྱི་འཚམས་འདྲི་ནི་ཉེ་དུས་ཀྱི་ཀྲུང་གོ་དང་ཨ་རིའི་དབར་གྱི་མཐོ་རིམ་གྱི་འགྲོ་འོང་གལ་ཆེན་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཧྥེང་ཕེ་ཨའོ་ད་རེས་ཀྲུང་གོར་འཚམས་འདྲིར་ཕེབས་པ་བརྒྱུད་ཨ་རི་ཕྱོགས་དང་ཕན་ཚུན་ཤེས་རྟོགས་ཟབ་མོ་དང་། འགལ་བ་དོ་དམ་ཚོད་འཛིན། མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་ཡང་དག་པའི་སྲོལ་ལམ་དུ་མུ་མཐུད་མདུན་སྐྱོད་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་འདོད་ཡོད་ཅེས་བརྗོད། 
      

    ཕྱོགས་བསྡུས་གསར་འགྱུར།