འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཤིས་ཞིང་ལས་སྡེ་ཚན་གྱི་སྲིད་འཛིན་ཞིབ་མཆན་སྒྱུར་བཅོས་ཀྱིས་དེང་རབས་ཞིང་ལས་
    འཕེལ་རྒྱས་ལ་གཞོགས་འདེགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་15ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཞིང་ལས་ཐིང་ནས་ཤེས་རྟོགས་བྱུང་བར། ཀོང་ཤིས་ཞིང་ལས་སྡེ་ཚན་གྱིས“ཚད་ལྡན་ཅན”དང་། “གཅིག་འཐུས་རྣམ་པ” “དྲ་རྒྱ་ཅན”བཅས་ཀྱི་ཞིབ་མཆན་ལག་བསྟར་བྱས་ནས་སྔ་རྗེས་སུ་སྲིད་འཛིན་ཞིབ་མཆན་དོན་ཚན་ཁག་14མེད་པ་བཟོས་པ་དང་། ཁག་9གཤམ་སྤྲོད་བྱས་པ། ཁག་16ལེགས་སྒྲིག་བཅས་བྱས་ནས་ཁེ་ལས་དེ་བས་མང་བ་དེང་རབས་ཞིང་ལས་འཕེལ་རྒྱས་ལ་ཞུགས་རྒྱུར་སྐུལ་འདེད་བཏང་བ་རེད།
          ཀོང་ཤིས་ཞིང་ལས་སྡེ་ཚན་གྱིས་ཞིབ་མཆན་དང་ཞབས་ཞུའི་དོན་ཚན་ཕྱོགས་ཡོངས་ནས་གཙང་སེལ་བྱས་ཏེ་བརྒྱུད་རིམ་བསྐྱར་བཟོ་དང་ལྷུ་ཚིགས་སྟབས་བདེ་རུ་གཏོང་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་ཞིབ་མཆན་གྱི་དུས་ཚད་ལེགས་གཏོང་དང་། བཀོལ་སྤྱོད་ཚད་ལྡན་བཟོ་བ། ཞིབ་མཆན་དོན་ཚན་སྒྲུབ་གཉེར་ཁས་ལེན་དུས་ཚད་50%ཡན་ཉུང་དུ་བཏང་བ་བཅས་བྱས་པ་རེད། དྲ་སྦྲེལ་+དང་ཀོང་ཤིས་ཞིང་ལས་སྤྲིན་ཚོགས་ལས་སྟེགས་སོགས་ལ་བརྟེན་ནས་དྲ་ཐོག་གི་སྲིད་འཛིན་ཞིབ་མཆན་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ“དྲ་ཐོག”དང“དྲ་ཕྱི”ཟུང་འབྲེལ་གྱིས་30%ཡི་སྲིད་འཛིན་ཞིབ་མཆན་དོན་མཚན་དྲ་ཐོག་རེ་ཞུ་དང་། དྲ་ཐོག་སྔོན་ཚུད་ཞིབ་བཤེར། དྲ་ཐོག་ལས་སྒྲུབ་བཅས་བྱ་རྒྱུ་མངོན་འགྱུར་བྱུང་ཡོད་པ་རེད།
          མིག་སྔར། རང་སྐྱོང་ལྗོངས་ཞིང་ལས་ཐིང་གི་སྲིད་འཛིན་ཞིབ་མཆན་དོན་ཚན་ཁག་70ཡོད་པ་དེ་དེ་སྔ་དང་བསྡུར་ན་ཉུང་དུ་ནུས་ལྡན་ཕྱིན་ཡོད། ཞིབ་མཆན་ལམ་ལུགས་སྒྱུར་བཅོས་བྱས་ནས་ཞིང་ལས་མ་འཇོག་ཁོར་ཡུག་ལེགས་སུ་ཕྱིན་པ་དང་དེང་རབས་ཀྱི་ཞིང་ལས་རྣམ་གྲངས་དེ་བས་མང་བ་ཀོང་ཤིས་སུ་ལག་ལེན་བསྟར་ཡོད། 2017ལོར་ཀོང་ཤིས་ཀྱིས་ཞིང་ལས་རྣམ་གྲངས་275ནང་འདྲེན་བྱས་པ་དང་རྣམ་གྲངས་གན་འཇོག་མ་དངུལ་སྒོར་དུང་ཕྱུར་653.3ཟིན་པའི་ཁྲོད་ཞིང་ལས་མ་འདྲེན་རྣམ་གྲངས་75རྫོང་དབུལ་པོ་54རུ་ལག་ལེན་བསྟར་བ་དང་སྤྱིའི་མ་འཇོག་སྒོར་དུང་ཕྱུར་159.7ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།