འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མོ་ཞི་ཁོས་པེ་ཅིང་གི་རིག་གནས་གསར་གཏོད་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་15ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། གོང་ཚེས་ཉིན་མོ་ཞི་ཁོའི་རྒྱལ་ས་མོ་ཞི་ཁོ་གྲོང་ཁྱེར་དུ་པེ་ཅིང་གི་རིག་གནས་གསར་གཏོད་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ་དང་། དུས་ཡུན་ཉིན་ལྔའི་བྱེད་སྒོར་དེང་རབས་ཀྱི་ཀྲུང་གོའི་སྒོ་འབྱེད་བསྟུན་མཁས་དང་། མངོན་མིན་རིག་གནས་རྒྱུན་འཛིན། དུས་རབས་ཀྱི་སྣེ་འཁྲིད་པ་བཅས་ཀྱི་རིག་གནས་ཀྱི་གཟུགས་བརྙན་མངོན་པར་བྱ་རྒྱུ་རེད།
         ད་ཐེངས་ཀྱི་བྱེད་སྒོ་དེ་མོ་ཞི་ཁོ་གྲོང་ཁྱེར་གྱི་རྟེན་རྫས་བཤམས་མཛོད་ཁང་དུ་སྤེལ་ནས་རིག་གནས་གསར་གཏོད་ཀྱི་ཐོན་ལས་འོས་སྦྱོར་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་། རིག་གནས་འཁྲབ་སྟོན་བྱས་ནས་སྐུལ་མ་གཏོང་བ། ཁེ་ལས་ཁ་གཏད་ངང་སྤེལ་རེས་བྱེད་པ་སོགས་ཀྱི་ནང་དོན་ཚུད་པས། པེ་ཅིང་གི་གསར་གཏོད་ཇུས་འགོད་ཐོན་ལས་ཀྱི་སྤུས་ལེགས་ཐོན་ཁུངས་འོས་སྦྱོར་བྱས་ནས་སྲོལ་རྒྱུན་གྱི་རིག་གནས་ཁྱབ་ཁོངས་ཁྲོད་གསར་གཏོད་ཇུས་འགོད་སྤྱོད་རྒྱུའི་སྤེལ་རེས་མཉམ་སྤྱོད་ཡོང་བར་བྱས་ཡོད།
          ད་ཐེངས་ཀྱི་བྱེད་སྒོ་ནི་པེ་ཅིང་གྲོང་ཁྱེར་སྲིད་གཞུང་དང་མོ་ཞི་ཁོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་མོ་ཞི་ཁོ་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། དེ་ནི“ཀྲུང་གོའི་རིག་གནས་འཛམ་གླིང་ལ་ཁྱབ་གདལ་བཏང་ནས་པེ་ཅིང་ཤེས་ཚོར་ཡོང་བར་བྱེད”ཞེས་པའི་བྱེད་སྒོ་ལ་ཏིང་མེ་གླིང་དུ་སྤེལ་བའི་ས་ཚིགས་གལ་ཆེན་གྲས་ཤིག་ཡིན་ལ་ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུས་གཙོ་གནད་ཁྱབ་གདལ་བཏང་བའི“ཀྲུང་གོའི་རིག་གནས་གསར་གཏོད་ཀྱི་ཐོན་རྫས་འགྲེམས་སྟོན་གཟའ་འཁོར”གོ་ལ་ཧྲིལ་པོར་སྤེལ་བའི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཀྱང་རེད།
      

    ཕྱོགས་བསྡུས་གསར་འགྱུར།