འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།གཅེས་སེམས་བརྒྱུད་སྤྲོད། དཔེ་དེབ་མཉམ་སྤྱོད། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་06ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།གཅེས་སེམས་བརྒྱུད་སྤྲོད། དཔེ་དེབ་མཉམ་སྤྱོད།
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་4ཉིན་པེ་ཅིང་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་ཁག་གི་སློབ་མ་ཚོས་ཞལ་འདེབས་འབུལ་བའི་དཔེ་དེབ་ཁྲི་150ཙམ་ཧྲོང་ཆའོ་ཟོག་འདྲེན་ལྟེ་གནས་སུ་རླངས་འཁོར་ནང་བླུགས་ཏེ་སྤྱི་ལེ་4600ལྷག་ཙམ་གྱི་ཕྱིར་གནས་པའི་ཤིན་ཅང་ཧོ་ཐན་དུ་དབོར་ནས་རྒྱལ་སའི་སློབ་གྲྭ་འབྲིང་ཆུང་གི་སློབ་མས་ཧོ་ཐན་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མར“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བརྩེ་དུང་ཟབ་མོ་མཚོན་པར་བྱས་པ་རེད། ད་ཐེངས་ཞལ་འདེབས་འབུལ་བའི་རི་ལྟར་སྤུངས་པའི་དཔེ་དེབ་དེ་དག་གིས་ཧོ་ཐན་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་དཔེ་དེབ་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་ཡིན་ཞིང་། གོང་གི་པར་རིས་ནི་ཉིན་དེར་པེ་ཅིང་ཁྲའོ་དབྱང་ཆུས་ཤར་ཕྱོགས་སྤྱོད་ཡོན་སློབ་གྲྭའི་སློབ་མ་ཚོས་དཔེ་དེབ་དབོར་འགོ་ཚུགས་པའི་མཛད་སྒོའི་ཐོག་རང་གིས་ཞལ་འདེབས་ཕུལ་བའི་དཔེ་དེབ་པེ་ཅིང་ལྕགས་ལམ་ཅུས་ཟོག་འདྲེན་ལས་དོན་མི་སྣའི་ལག་ཏུ་སྤྲོད་པའི་གནས་ཚུལ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།