འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་30ལྷག་ཙམ་གྱི་ཡུལ་སྐོར་ཚོང་པ་མཚོ་བོད་ས་མཐོར་མཉམ་འཛོམས་ཀྱིས་ས་གདན་
    ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་06ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། “ད་ཐེངས་ང་རང་འགྲེམས་སྟོན་ནང་ཞུགས་ཐེངས་དགུ་པ་ཡིན། འགྲེམས་ཚོགས་དེ་ལས་ངས་ཀྲུང་གོའི་ས་གདན་ཁྲོམ་རར་ཤེས་རྟོགས་ཐུབ་ཚད་དེ་བས་ཟབ་ཏུ་ཕྱིན་སོང་ལ། ང་ཚོར་མཉམ་ལས་ཀྱི་གོ་སྐབས་ཀྱང་མང་པོ་རག་བྱུང”ཞེས་དབྱི་རན་ནས་ཡོང་བའི་ས་གདན་ཚོང་པ་མའེ་ཏིས་ཀྱིས་ཚེས་2ཉིན་འཚོགས་པའི་ཀྲུང་གོ(མཚོ་སྔོན)བོད་གདན་རྒྱལ་སྤྱིའི་འགྲེམས་ཚོགས་ཐོག་འདི་ལྟར་བཤད།
          ཉིན་དེར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོགས་པའི་བོད་རུམ་འགྲེམས་ཚོགས་ལ་རྒྱལ་ནང་གི་ཞིང་ཆེན་དང་། ས་ཁུལ། གྲོང་ཁྱེར་བཅས་31གི་ཁེ་ལས་400ལྷག་ཙམ་གྱི་ཡིད་དབང་བཀུག་པ་དང་རྒྱ་གར་དང་། དབྱི་རན། ཨ་ཧྥུ་ཀ་ནི་སི་ཐེན་སོགས་རྒྱལ་ཁབ་དང་ས་ཁུལ་34ནས་ཡོང་བའི་ཁེ་ལས་250ཙམ་འགྲེམས་ཚོགས་ནང་ཞུགས་ཡོད་པ་རེད།
          ད་རེས་ཀྱི་འགྲེམས་ཚོགས་ཀྱིས་རྒྱལ་ཁབ་ཁག་གི་འཕྲུལ་འཐག་དང་ལག་ཤེས་ས་གདན་དང་། ཁྱད་ལྡན་ས་གདན། ས་གདན་རྙིང་མ་འགྲེམས་སྟོན་བྱས་པ་དང་། ཕ་ཁི་སི་ཐན་གྱི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་བྱེད་སྒོ་དང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་སྐུ་མགྲོན་གཙོ་བོའི་ཞིང་ཆེན་གྱི་བྱེད་སྒོ་སྤེལ་བ། གོ་ལ་ཧྲིལ་པོའི་ས་གདན་ཆེད་ལས་གླེང་སྟེགས་འཚོགས་པ་བཅས་བརྒྱུད་ས་གདན་ཐོན་ལས་རྒྱལ་ཁབ་ཁག་གི་ལག་རྩལ་དང་། རིག་གནས། ཚོང་དོན་སོགས་ཀྱི་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་པ་རེད།
          མཚོ་སྔོན་ཧྲེང་ཡོན་ས་གདན་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཞུའོ་ཐིང་གིས“ང་ཚོ་ལོ་ལྟར་བོད་རུམ་འགྲེམས་ཚོགས་ནང་ཞུགས་ཀྱི་ཡོད། འགྲེམས་ཚོགས་སུ་ཕྱི་རྒྱལ་གྱི་ས་གདན་ལག་རྩལ་དང་རིག་གནས་དཔྱད་གཞིར་བྱས་ཏེ་བོད་རུམ་གྱི་རི་མོ་དང་། ལག་རྩལ། བཟོ་རྩལ་བཅས་ཀྱི་རིམ་སྤོར་དུས་བརྗེ་དང་བོད་རུམ་གྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བཞིན་ཡོད”ཅེས་བཤད།
          མཚོ་སྔོན་ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་བསྡོམས་རྩིས་གྲངས་གཞི་ལས་མངོན་གསལ། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། མཚོ་སྔོན་ཞིང་ཆེན་གྱི་བོད་རུམ་ཐོན་འབོར་གྱིས་རྒྱལ་ཡོངས་ཀྱི་སྤྱིའི་བསྡོམས་འབོར་གྱི་90%ཡན་བཟུང་བ་དང་རྒྱལ་ཁབ་དང་ས་ཁུལ་22ལ་ཕྱིར་གཏོང་བྱེད་ཀྱི་ཡོད་པ་རེད།
          མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་ལི་ཡ་ལིང་གིས“ཀྲུང་གོ(མཚོ་སྔོན)བོད་རུམ་རྒྱལ་སྤྱིའི་འགྲེམས་ཚོགས་ལོ་14ཡི་འཕེལ་རྒྱས་བརྒྱུད་འཛམ་གླིང་གི་སྤུས་རྟགས་ཀྱི་ལག་ཤེས་ས་གདན(90%ཙམ་གྱི་འགྲེམས་རྫས་ལག་ཤེས་ས་གདན་ཡིན་པ)ཆེད་ལས་ས་གདན་འགྲེམས་ཚོགས་ཤིག་ཏུ་གཏོད་རྒྱུར་གཞོལ་བས། ད་ཆ་རྒྱལ་ཁབ་ཕྱི་ནང་གི་ས་གདན་ཉོ་ཚོང་ལས་སྟེགས་གལ་ཆེན་ཞིག་དང་དེ་བཞིན་དཔེ་ལྟ་སར་གྱུར་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།