འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་སིང་ཀ་ཕོའི་མཉམ་སྒུལ་མཉམ་འབྲེལ་རྣམ་གྲངས་ཀྱི་ལྷོ་ཕྱོགས་བགྲོད་ལམ་
    གྱི་མཉམ་ལས་ཁྱབ་རྒྱ་ཆེ་རུ་བཏང་བ། 

    མཚོ་སྔོན་མཉམ་སྐྲུན་ལས་ཀའི་ལམ་སྲོལ་ནང་ཞུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་06ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཚེས་3ཉིན་ཀྲུང་གོ་དང་སིང་ཀ་ཕོའི(ཁྲུང་ཆིང)འཐབ་ཇུས་རང་བཞིན་གྱི་མཉམ་སྒུལ་མཉམ་འབྲེལ་དཔེ་སྟོན་རྣམ་གྲངས་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལྟ་གཉེར་བཞིན་པའི་ཀྲུང་གོ(མཚོ་སྔོན)བོད་རུམ་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཐོག་ཁྲུང་ཆིང་དང་། ཀོང་ཤིས། ཀུའེ་ཀྲོའུ། ཀན་སུའུ་བཅས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་བཞིས་མཚོ་སྔོན་ཞིང་ཆེན་དང་《མཚོ་སྔོན་ཞིང་ཆེན་ཀྲུང་གོ་དང་སིང་ཁ་ཕོའི་མཉམ་སྒུལ་མཉམ་འབྲེལ་རྣམ་གྲངས་ཀྱི་ལྷོ་ཕྱོགས་བགྲོད་ལམ་མཉམ་སྐྲུན་ལས་ཀའི་ལམ་སྲོལ་ནང་ཞུགས་པའི་དྲན་ཐོར་》མིང་རྟགས་བཀོད་པ་དེས་མཚོ་སྔོན་ཞིང་ཆེན“ལྷོ་ཕྱོགས་བགྲོད་ལམ”གྱི་ལས་ཀའི་ལམ་སྲོལ་ནང་ཞུགས་ནས“ལྷོ་ཕྱོགས་བགྲོད་ལམ”གྱི་མཉམ་ལས་གཞི་ཁྱོན་སྔར་བས་རྒྱ་ཆེར་བཏང་བ་མཚོན་གྱི་ཡོད་པ་རེད།
          ཀྲུང་གོ་དང་སིང་ཀ་ཕོའི(ཁྲུང་ཆིང)འཐབ་ཇུས་རང་བཞིན་གྱི་མཉམ་སྒུལ་མཉམ་འབྲེལ་དཔེ་སྟོན་རྣམ་གྲངས་ནི་ཀྲུང་གོ་དང་སིང་ཀ་ཕོའི་ཕྱོགས་གསུམ་པའི་སྲིད་གཞུང་དབར་གྱི་མཉམ་ལས་རྣམ་གྲངས་ཞིག་རེད། “ལྷོ་ཕྱོགས་བགྲོད་ལམ”ནི་རྣམ་གྲངས་དེའི་སྒྲོམ་གཞིའི་འོག་ཀྲུང་གོའི་ནུབ་རྒྱུད་ཀྱི་འབྲེལ་ཡོད་ཞིང་ཆེན་གྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཉམ་ལས་བྱས་ནས་བསྐྲུན་པའི་རྒྱལ་སྤྱིའི་ཚོང་དོན་ཟོག་འགྲེམས་བགྲོད་ལམ་ཞིག་རེད། བགྲོད་ལམ་དེ་ལྕགས་ལམ་དང་། གཞུང་ལམ། མཚོ་ལམ། མཁའ་ལམ་སོགས་ཀྱི་སྐྱེལ་འདྲེན་ཐབས་ལ་བརྟེན་ནས་ཁྲུང་ཆིང་ནས་ཀུའེ་ཀྲོའུ་སོགས་ས་ཆ་བརྒྱུད་ཀོང་ཤིས་བྱང་རྒྱུད་མཚོ་ཁུག་སོགས་མཚོ་འགག་བརྒྱུད་ནས་མཐར་སིང་ཀ་ཕོར་དང་དེ་བཞིན་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཟོག་འགྲེམས་ཁུལ་གཙོ་བོར་དངོས་ཟོག་སྐྱེལ་འདྲེན་བྱེད་པ་དེ་ཤར་རྒྱུད་ས་ཁུལ་ནས་སྐྱེལ་འདྲེན་བྱས་པ་ལས་ལམ་ཐག་ཉིན་15ཙམ་ཐུང་དུ་ཕྱིན་ནས་ནུབ་རྒྱུད་ས་ཁུལ་གྱི་སྟབས་བདེའི་མཚོ་སྐྱོད་བགྲོད་ལམ་ཞིག་ཏུ་གྱུར་ཡོད།
          2017ལོའི་ཟླ་8པར། ཁྲུང་ཆིང་དང་། ཀོང་ཤིས། ཀུའེ་ཀྲོའུ། ཀན་སུའུ་བཅས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཞི་ཡིས་《ཀྲུང་གོ་དང་སིང་ཀ་ཕོར་གྱི་མཉམ་སྒུལ་མཉམ་འབྲེལ་རྣམ་གྲངས་ལྷོ་ཕྱོགས་བགྲོད་ལམ་མཉམ་སྐྲུན་བྱ་རྒྱུའི་སྐོར་གྱི་སྒྲོམ་གཞིའི་གྲོས་མཐུན་》ལ་མིང་རྟགས་བཀོད་པ་དང་《ཀྲུང་གོ་དང་སིང་ཀ་ཕོར་གྱི་མཉམ་སྒུལ་མཉམ་འབྲེལ་རྣམ་གྲངས་གྱི་ལྷོ་ཕྱོགས་བགྲོད་ལམ་མཉམ་སྐྲུན་གྱི་མཉམ་སྒྲུབ་བྱ་ཐབས་》བཟོས་པ་དང་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི“ལྷོ་ཕྱོགས་བགྲོད་ལམ”གྱི་ལས་ཀའི་ལམ་སྲོལ་བཟོས་པ་རེད། འདི་ལོའི་ཟླ་4ཚེས་20ཉིན་ཁྲུང་ཆིང་དང་། ཀོང་ཤིས། ཀུའེ་ཀྲོའུ། ཀན་སུའུ་བཅས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་བཞི་ཡིས་མཚོ་སྔོན་ཞིང་ཆེན་སོགས་ཞིང་ཆེན་དྲུག་ཁྲུང་ཆིང་དུ་འཚོགས་པའི“ལྷོ་ཕྱོགས་བགྲོད་ལམ”གྱི་2018ལོའི་ཀྲུང་གོ་ཕྱོགས་ཀྱི་མཉམ་འབྲེལ་གྲོས་ཚོགས་ལ་ཞུགས་རྒྱུར་གདན་དྲངས་པ་དང་སྤུན་ཟླའི་ཞིང་ཆེན་དང་རང་སྐྱོང་ལྗོངས“ལྷོ་ཕྱོགས་བགྲོད་ལམ”འཛུགས་སྐྲུན་གྱི“ཁྲུང་ཆིང་གྲོས་འགོའི”ནང་ཞུགས་རྒྱུའི་གདན་དྲངས་པ་རེད།
         “ད་ཐེངས་དྲན་ཐོར་མིང་རྟགས་བཀོད་པ་ནི‘ཁྲུང་ཆིང་གི་གྲོས་འགོ’དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད” ཀྲུང་གོ་དང་སིང་ཀ་ཕོའི(ཁྲུང་ཆིང)འཐབ་ཇུས་རང་བཞིན་གྱི་མཉམ་སྒུལ་མཉམ་འབྲེལ་དཔེ་སྟོན་རྣམ་གྲངས་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧན་པའོ་ཁྲང་གིས་མཚོ་སྔོན་ཞིང་ཆེན་གྱིས་སྔོན་ལ་ལས་ཀའི་ལམ་སྲོལ་ངོས་ནས“ལྷོ་ཕྱོགས་བགྲོད་ལམ”གྱི་ཚོགས་པར་ཞུགས་རྒྱུར་སྐུལ་འདེད་བཏང་སྟེ་སླད་ཕྱིན་སྲིད་གཞུང་དབར་རིམ་པ་དེ་བས་མཐོ་བའི་མཉམ་ལས་ཀྱི་འབྲེལ་བ་དངོས་སུ་འཛུགས་པ་དང་དེ་བཞིན་ཁེ་ལས་མཉམ་འབྲེལ་འཁོར་རྒྱུག་ལ་སྐུལ་འདེད་གཏོང་རྒྱུར་རྨང་གཞི་འདིང་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།