འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།དབང་དབྱང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་
    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སེམས་ནུས་གཅིག་སྒྲིལ་གྱིས་དུས་རབས་
    གསར་པའི་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་རྒྱ་སྟོབས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་06ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་4ཉིན། འཐབ་ཕྱོགས་གཅིག་གྱུར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་པེ་ཅིང་དུ་སློབ་འགོ་ཚུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་སློབ་འགོ་ཚུགས་པའི་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས་འཐབ་ཕྱོགས་གཅིག་གྱུར་གྱི་ཕྲག་ཐོག་གི་འགན་འཁྲི་དེ་བས་ལྕི་རུ་ཕྱིན་ཡོད་ལ་གནས་བབ་དང་ནུས་པ་དེ་བས་གལ་ཆེ་རུ་ཕྱིན་ཡོད། དེར་བརྟེན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སེམས་ནུས་གཅིག་སྒྲིལ་གྱིས་ཐུན་མོང་གི་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ཀྲུང་གུང་གི་མཛད་ཕྱོགས་སྲིད་ཇུས་ཁག་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་སུ་ལག་བསྟར་དོན་འཁྱོལ་བྱེད་པ། མི་རིགས་བསྐྱར་དར་ཡོང་བའི་ཕྱོགས་གང་ཅིའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། གང་ཐུབ་ཅི་ཐུབ་ཀྱིས་དགེ་མཚན་ལྡན་པའི་སྟོབས་ཤུགས་ལ་མཐུན་སྒྲིལ་དང་། བར་གནས་ཀྱི་སྟོབས་ཤུགས་བརྩོན་ལེན། ཕན་མེད་ཀྱི་སྟོབས་ཤུགས་སེལ་བ་བཅས་བྱས་ནས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་གཞག་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་པའི་ནན་བཤད་གནང་བ་རེད།
          དབང་དབྱང་གིས་འཐབ་ཕྱོགས་གཅིག་གྱུར་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་རྒྱ་ཁྱབ་ཀྱི་ཆབ་སྲིད་མནའ་འབྲེལ་ཞིག་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་རེད། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་ནས་འགྲོ་ལམ་དང་། ལམ་ལུགས། དར་ཆ། ཁ་ཕྱོགས་བཅས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ལངས་ཕྱོགས་ཁ་གསལ་དང་རྩ་དོན་ལ་གཡོ་འགུལ་མི་ཐེབས་པ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་བཏང་ནས་ཀྲུང་གོ་གུང་ཁྲན་ཏང་ལ་འཛིན་པའི་ཆབ་སྲིད་དང་། བསམ་བློ། རིགས་པའི་གཞུང་ལུགས། བརྩེ་སེམས་བཅས་ཀྱི་མོས་སེམས་ཆེ་རུ་ཏན་ཏིག་གཏོང་དགོས། ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པའི་ལེགས་ཆ་ཧ་ཅང་ཆེན་པོ་དང་འོད་སྟོང་འཕྲོ་བའི་མདུན་ལམ་ངོས་འཛིན་གཏིང་ཟབ་ཐུབ་པ་དང་། “གདེང་ཚོད་བཞི”བརྟན་དུ་ཏན་ཏིག་བཏང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དངོས་སུ་བརྒྱུད་མྱོང་མཁན་དང་། ལག་ལེན་མཁན། སྲུང་སྐྱོང་མཁན། སྲུང་སྐྱོབ་མཁན་བཅས་རང་རྟོགས་ངང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          དབང་དབྱང་གིས་དུས་རབས་གསར་པར་འཐབ་ཕྱོགས་གཅིག་གྱུར་ལ་ལེགས་ཆ་འདོན་སྤེལ་དང་རིན་ཐང་ངོམ་པའི་གར་སྟེགས་དེ་བས་རྒྱ་ཆེ་བ་ཡོད། འཐབ་ཕྱོགས་གཅིག་གྱུར་གྱི་ཐབས་ལམ་དང་ལས་སྟེགས་ཡག་པོ་སྤྱོད་ཤེས་པ་བྱས་ནས་ཏང་ཕྱིའི་མི་སྣས་ཏང་གི་མཛད་ཕྱོགས་སྲིད་ཇུས་ལ་གོ་བ་དངོས་འབྲེལ་ལེན་ཐུབ་པ་དང་མོས་སེམས་ཡོང་བ་བྱེད་དགོས་པ་དང་འབྲེལ་ཁོང་ཚོ་བརྒྱུད་འབྲེལ་གཏུག་བྱ་ཡུལ་གྱི་རིགས་ཁོངས་ཁག་གི་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་ཐུབ་རྒྱུར་སྣེ་ཁྲིད་བྱས་ནས་ཆེས་རྒྱ་ཁྱབ་ངང་མཐུན་ཆ་དང་མི་སེམས་གཅིག་སྒྲིལ་ཐུབ་པར་བྱེད་དགོས། “མཐུན་སྒྲིལ་དང་། སྐྱོན་བརྗོད། མཐུན་སྒྲིལ”སོགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་ནས་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་དང་། བསམ་ཤེས་བསྟུན་མཁས་དང་མནའ་མཐུན་པའི་ཁེ་དབང་ལ་ལྟ་རྟོག་བྱེད་པ་དང་དུས་མཚུངས་མནའ་མཐུན་པར་བསམ་བློའི་ངོས་འཛིན་ཐད་ཡར་ཐོན་ཡོང་བར་རོགས་རམ་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་གྱི་སྤུས་ཚད་མཐོ་རུ་གཏོང་དགོས། ལས་ཀའི་བྱ་ཐབས་གསར་གཏོད་བྱེད་པ་དང་། འཐུས་ཚབ་རང་བཞིན་གྱི་མི་སྣའི་ལས་དོན་བསྒྲུབ་རྒྱུ་དང་མང་ཚོགས་ཀྱི་ལས་དོན་བསྒྲུབ་རྒྱུ་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱི་ཆེད་དོན་སྟོབས་ཤུགས་ལ་བརྟེན་པ་དང་ཕྱོགས་ཁག་གི་སྟོབས་ཤུགས་ལ་བརྟེན་རྒྱུ་གལ་ཆེ་མཉམ་དུ་འཛིན་པ། དྲ་རྒྱའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལེགས་པར་སྒྲུབ་པ་དང་དྲ་འོག་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལེགས་པར་བསྒྲུབ་རྒྱུ་གལ་ཆེ་མཉམ་དུ་འཛིན་པ་བཅས་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་སྤྱོད་ཚུལ་ལེགས་སུ་བཏང་ནས་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། ཐ་མལ་བའི་སྤྱོད་ཚུལ་བཅས་སྔོན་འགོག་དང་ཡོ་བསྲང་ཏན་ཏིག་བྱེད་དགོས། སྲིད་ཞུགས་ཏང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་གཙང་སྒྲུབ་བྱེད་པའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
          དེ་ཉིན། ད་དུང་དབང་དབྱང་གིས་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ལས་དོན་སྙན་སེང་གསན་ཞིང་། ཁོང་གིས་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་འདི་ཉིད་འཐབ་ཕྱོགས་གཅིག་གྱུར་གྱི་ཤེས་ལྡན་པར་སློབ་གསོ་གསོ་སྦྱོང་བྱེད་པའི་འཐབ་ས་གཙོ་བོ་ཞིག་རེད། སློབ་གཉེར་གྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ཁྱད་ཆོས་ལ་ཤུགས་སྣོན་རྒྱག་པ། ཞིབ་འཇུག་རྨང་གཞི་བརྟན་གཏོང་བ། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དུས་རབས་གསར་པར་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཕྱིར་ནུས་པ་དེ་བས་ཆེ་བ་འདོན་དགོས་པའི་ནན་བཤད་གནང་བ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།