འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་6ཉིན།
  • མི་དམངས་དྲ་བ།>>རྒྱལ་སྤྱིའི་གསར་འགྱུར།

    ༄༅།།ཨེ་ཁྭ་ཏོར་ཕྱི་འབྲེལ་པུའུ་ཀྲང་སྐབས་73པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་
    ཞིར་བདམས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་06ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཨེ་ཁྭ་ཏོར་ཕྱི་འབྲེལ་པུའུ་ཀྲང་སྐབས་73པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་
ཞིར་བདམས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་5ཉིན། སྐབས་72པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ཨེ་ཁྭ་ཏོར་ཕྱི་འབྲེལ་པུའུ་ཀྲང་ཨེ་སི་ཕི་ནོ་ས་སྐབས་73པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས་པ་རེད། ཨེ་སི་ཕི་ནོ་ས་ནི་ད་ལོའི་ཟླ་9པར་སྐབས་གསར་པའི་མཉམ་འབྲེལ་ཚོགས་ཆེན་ཚོགས་སྐབས་སུ་ད་ལྟར་འགན་བཞེས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ལེ་ཧ་ཁེ་ཡི་གོ་གནས་མཇུག་མཐུད་རྒྱུ་ཡིན་པ་རེད། ཁོང་མོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་རྒྱུས་ཐོག་བུད་མེད་ཀྲུའུ་ཞིང་ཨང་4དེ་ཡིན་པ་རེད། 
         ཨེ་སི་ཕི་ནོ་ས་ཡིས་བདམས་ཐོན་བྱུང་རྗེས་སུ་སྨོན་ཚིག་ནང་དུ། "ང་ཚོ་ལ་སྟོབས་ཤུགས་དེ་བས་ཆེ་ཞིང་ཕན་ནུས་དེ་བས་ཆེ་བའི་རྩ་འཛུགས་ཤིག་བསྐྲུན་པའི་དགོས་མཁོ་ཆེ་ལ་སྣ་མང་རིང་ལུགས་ལ་ཤུགས་སྣོན་རྒྱག་པ་ནི་གདམ་ག་ཁོ་ན་མིན་པར་དེ་ནི་འོས་འགན་ཞིག་ཀྱང་ཡིན”ཞེས་གསུངས་པ་རེད། 
         1945ལོ་ནས་ད་ལྟའི་བར་དུ་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་འགན་བཞེས་མཁན་བུད་མེད་4མ་གཏོགས་བྱུང་མྱོང་མེད་པ་རེད།
    ༄༅།།ཨེ་ཁྭ་ཏོར་ཕྱི་འབྲེལ་པུའུ་ཀྲང་སྐབས་73པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་
ཞིར་བདམས་པ།
    ༄༅།།ཨེ་ཁྭ་ཏོར་ཕྱི་འབྲེལ་པུའུ་ཀྲང་སྐབས་73པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་
ཞིར་བདམས་པ།
      

    ཕྱོགས་བསྡུས་གསར་འགྱུར།