འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།དགའ་སྤྲོའི་ངང་ནས་དཔེ་དེབ་སྣ་ཚོགས་བཀླགས། སྐྱོན་བྲལ་ངང་ནས་འཚར་ལོངས་ཡོང་བར་བྱས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་02ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།དགའ་སྤྲོའི་ངང་ནས་དཔེ་དེབ་སྣ་ཚོགས་བཀླགས། སྐྱོན་བྲལ་ངང་ནས་འཚར་ལོངས་ཡོང་བར་བྱས།
          མི་དམངས་དྲ་བའི་འཕྲིན། “དྲུག་གཅིག”བྱིས་པའི་དུས་ཆེན་སླེབས་ཉེའི་མཚམས་སུ། པིན་ཀྲོའུ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས“དགའ་སྤྲོའི་ངང་ནས་དཔེ་དེབ་སྣ་ཚོགས་ཀློག སྐྱོན་བྲལ་ངང་ནས་འཚར་ལོངས་ཡོང་བར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས། ལོ་ཆུང་བྱིས་པ་དང་བྱིས་པའི་ཁྱིམ་བདག་ཚོར་དཔེ་དེབ་ལྟ་ཀློག་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད། མིག་སྔར་ཁུལ་དེ་ཡོངས་ཀྱི་ཐང་ཆེན་དང་རླངས་འཁོར་བབས་ཚུགས་སོགས་སུ“ཨང་རྟགས་བཤེར་ནས་དཔེ་དེབ་གཡར་བའི”མཉམ་སྤྱོད་དཔེ་ཁང་52བསྐྲུན་པ་ལས། གྲོང་ཁྱེར་དང་གྲོང་གསེབ་ཡོངས་སུ་ཁྱབ་པའི་དྲ་རྒྱ་ཅན་གྱི་དམངས་ཡོངས་ཀྱི་ལྟ་ཀློག་ཞབས་ཞུའི་ལས་སྟེགས་རགས་ཙམ་ཆགས་པ་དང་ཐོ་འགོད་བྱས་པའི་སྤྱོད་མཁན་མི་གྲངས་5000ལྷག་ཙམ་ཟིན་ཡོད། གོང་གི་པར་རིས་ནི་ཟླ་5ཚེས་31ཉིན་ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་པོ་ཡོན་ཚོད་ལྟའི་བུ་བཅོལ་ཁང་གི་ཕྲུ་གུ་ཚོས་དགེ་རྒན་གྱི་སྣེ་ཁྲིད་འོག་ཨང་རྟགས་བཤེར་ཏེ“མཉམ་སྤྱོད་དཔེ་ཁང”ནས་བྱིས་པའི་སློབ་དེབ་གཡར་བའི་གནས་ཚུལ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།