འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གྱི་ཚན་རྩལ་བོད་སྐྱོར་གྱིས་ས་མཐོར"བོད་བཟོའི་ཁང་པ་གསར་པ"བརྒྱབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་02ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གྱི་ཚན་རྩལ་བོད་སྐྱོར་གྱིས་ས་མཐོར'བོད་བཟོའི་ཁང་པ་གསར་པ'བརྒྱབ་པ།
            མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་31ཉིན། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་རིགས་གཅིག་མཁས་ཅན་ཚོགས་པས་ལག་རྩལ་འགག་སྒྲོལ་བརྒྱུད་ས་མཐོའི་སྒྲིག་སྦྱོར་རྣམ་པའི་ཨར་ལས་ཁྱབ་གདལ་དང་བེད་སྤྱོད་ཀྱི་ཚན་རྩལ་བོད་སྐྱོར་གྱི་གྲུབ་འབྲས་ངོ་སྤྲོད་བྱས་ཤིང་། སློབ་གྲྭ་དེའི་གྲུ་གཟིངས་རྒྱ་མཚོ་དང་ཨར་ལས་བཟོ་སྐྲུན་སློབ་གླིང་གི་ཧུའུ་ཧའོ་དང་ཡང་ཅན་གྱིས་སྣེ་ཁྲིད་པའི་ཨར་སྐྲུན་བཟོ་ལས་ཅན་གྱི་ཞིབ་འཇུག་ཚོགས་པས་ས་མཐོའི་སྒྲིག་སྦྱོར་རྣམ་པའི་ཨར་ལས་ཀྱི་མ་ལག་གསར་པ་ཆ་ཚང་ཞིག་བཏོད་པ་སྟེ། རྒྱུ་ཆ་རང་ས་ནས་བཙལ་ཏེ་ཨར་སྐྲུན་གྱི་རྒྱུ་ཆ་གསར་པ་ཞིབ་སྤེལ་བྱས་པ་དང་། བཟོ་གྲྭས་སྔོན་བཟོ་དང་། ཚད་གཞི་བཞིན་ལྷུ་ལག་བཟོ་བ། མགྱོགས་མྱུར་སྒྲིག་སྦྱོར་བཅས་ནུས་རྒྱུ་བསྲི་ཚགས་ཀྱི་སྒྲིག་སྦྱོར་ལག་རྩལ་སྤྱད་ནས་ཁོར་ཡུག་སྲུང་སྐྱོང་བྱེད་ཐུབ་པ་དང་། ས་ཡོམ་འགོག་པའི“བོད་བཟོའི་ཁང་པ་གསར་པ”བརྒྱབ་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་ཆུས་7ལ་སྒྲིག་སྦྱོར་རྣམ་པའི་ལྕགས་སྒྲོམ་ཨར་ལས་ཚོད་ལྟའི་དཔེ་སྟོན་བྱེད་འགོ་ཚུགས་པ་དང་། ཚོད་ལྟའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་10ལས་བརྒལ་ནས་ས་མཐོའི་སྒྲིག་སྦྱོར་རྣམ་པའི་ཨར་ལས་སྔར་བས་འཛུགས་སྐྲུན་དང་ཁྱབ་གདལ་གཏོང་རྒྱུར་ཉམས་མྱོང་རྩ་ཆེན་བསགས་ཡོད་པ་རེད། གོང་གི་པར་རིས་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་ས་མཐོའི་སྒྲིག་སྦྱོར་རྣམ་པའི་ཨར་སྐྲུན་ལག་རྩལ་སྤྱད་ནས་ཚོད་ལྟའི་ངང་བསྐྲུན་པའི་གནད་སྨིན་དབུལ་སྐྱོར་གྱི་ཁང་པ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།