འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥུའུ་ཅན་ཞིང་ཆེན་གྱིས་དབུལ་ཕོངས་གྲོང་ཚོའི་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་པ་1000གསོ་སྐྱོང་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་02ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཧྥུའུ་ཅན་ཞིང་ཆེན་ཞིང་ལས་ཐིང་དང་། ཚན་རྩལ་ཐིང་། ནོར་སྲིད་ཐིང་སོགས་སྡེ་ཚན་བདུན་གྱིས་ཉེ་ཆར་《དབུལ་ཕོངས་གྲོང་ཚོའི་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་པ་གསོ་སྐྱོང་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》བཀྲམ་ནས་འབྱུང་འགྱུར་ལོ་གཉིས་རིང་ཞིང་ཆེན་ཡོངས་ཀྱིས་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་པ་1000ཡན་གསོ་སྐྱོང་བྱ་རྒྱུ་ཡིན་ལུགས་བཏོན་པའི་ནང་2018ལོར་མི་600དང་2019ལོར་མི་400གསོ་སྐྱོང་བྱ་རྒྱུ་ཡིན་པ་རེད། 2020ལོའི་གོང་དུ་དབུལ་ཕོངས་ཞིང་དུད་ཁྲི་1ཡན་ལ་སྣེ་ཁྲིད་བྱས་ནས་ལས་གཏོད་འབབ་འཕར་བྱས་པ་བརྒྱུད་དབུལ་སྒྲོལ་བརྟན་པོ་ཡོང་བ་བྱ་རྒྱུ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་པའི་གཞི་རྩའི་ཆ་རྐྱེན་ནི། ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་། སྒྲིག་བཀུར་ཁྲིམས་སྲུང་། ཀུན་སྤྱོད་ལེགས་པ། མི་སྒེར་གྱི་ཡིད་རྟོན་ཟིན་ཐོ་ཡག་པ། ལོ་དང་པོ་ནས་གསུམ་པ་བར་གྱི་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་2017ལོའི་རྫོང་ཡོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་ལྡབ་3ཡན་ཟིན་པ། དབུལ་ཕོངས་ཞིང་དུད་སྣེ་ཁྲིད་བྱས་ཏེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་འདོད་ཡོད་པ་བཅས་ཀྱི་མི་སྒེར་དང་དེ་བཞིན་དབུལ་ཕོངས་ཞིང་དུད་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་བྱེད་འདོད་ཡོད་པའི་འབྲེལ་ཡོད་ཁྲིམས་མི་བཅས་རེད། གཙོ་བོ་ནི་དབུལ་ཕོངས་གྲོང་ཚོ་ནས་གྲུབ་འབྲས་ཐོན་པའི་ངང་ལས་གཏོད་བྱས་པའི་མི་སྒེར་དང་ཁྲིམས་མིའི་ཁྲོད་ནས་གདམ་རྒྱུ་ཡིན་པའི་ནང་ཇ་དང་། ཤིང་འབྲས། སྔོ་ཚལ། བྱ་དེ། ཡཱ་ཙེ། རི་བོང་སོགས་འདེབས་གསོའི་དུད་ཆེན་དང་། ཁྱིམ་ཚང་གི་ཞིང་རའི་སྦྱིན་བདག(ཁྱིམ་ཚང་གི་ལས་ཡུལ་དང་ལག་ཤེས་བཟོ་ཁང)ཞིང་པའི་ཆེད་ལས་མཉམ་ལས་ཁང་དང་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་བཅས་ཚུད་ཡོད། དེའི་ལས་གཏོད་ཕྱུག་འགྱུར་གྱི་བྱེད་སྟངས་ས་ཆ་དེ་གའི་ཐོན་ལས་ཀྱི་ལེགས་ཆ་དང་འཚམ་དགོས་པ་མ་ཟད། དབུལ་ཕོངས་དུད་ཚང་གིས་སྦྱོང་ཐུབ་པ་དང་ལད་མོ་བྱེད་ཐུབ་པ་ཞིག་དགོས། ཡང་ན་དགོས་མཁོ་གཞིར་བཟུང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་འདོད་ཡོད་པ་དང་འཇོན་ཐང་ཡོད་པའི་ཡུལ་དེ་གའི་ཤེས་ལྡན་པ་འདེམས་ཆོག་གི་ཡོད།
            《བསམ་འཆར་》ནང་རྩ་དོན་ཐོག་ནས་དབུལ་ཕོངས་དུད་ཚང་བརྒྱ་རེར་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་པ་གསུམ་ཡན་གསོ་སྐྱོང་བྱེད་པ་དང་ཕྱུག་འགྱུར་སྣེ་ཁྲིད་པར་དབུལ་ཕོངས་གྲོང་ཚོར་ལས་གཏོད་རྣམ་གྲངས་བསྐྲུན་རྒྱུར་སྐུལ་མ་བཏང་སྟེ་མི་འབོར་དབུལ་པོ་བསྡུ་ལེན་ཧུར་ཐག་བྱས་ནས་ལས་ཞུགས་བརྟན་པོ་ཡོང་བ་བྱེད་པ་དང་འབྲེལ་ཁེ་ཕན་གྱི་འབྲེལ་གཏུག་ལམ་སྲོལ་དམ་ཚགས་བཟོ་དགོས། དེས་བསྐྲུན་རྒྱུའི་ལས་གཏོད་རྣམ་གྲངས་དེ་ཆ་རྐྱེན་དང་འཚམ་ཚེ་སྔོན་ལ་རྒྱབ་སྐྱོར་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་དུས་སྐབས་ནང་གཏན་འཁེལ་བྱས་པའི་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་པས་སྒོར་ཁྲི་20ལས་མི་བརྒལ་བའི་དབུལ་སྐྱོར་དངུལ་བུན་རེ་ཞུ་བྱེད་ཆོག་པ་དང་དེ་དག་ཐོན་ལས་ཀྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་ཐོན་ལས་ཀྱི་ཆུ་ཚད་རིམ་སྤོར་བྱ་རྒྱུའི་ཐད་སྤྱོད་དགོས་པ་ཁ་གསལ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།