འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སྐུ་བཞེངས་བཟོའི་རྒྱུད་འཛིན་པ་དོན་གྲུབ་ནོར་བུ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་25ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལྷ་སྐུ་བཞེངས་བཟོའི་རྒྱུད་འཛིན་པ་དོན་གྲུབ་ནོར་བུ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཀརྨ་ཤང་གི་གླིས་ཐོག་གྲོང་ཚོ། འགར་ཚང་གི་ཁྱིམ་རྒྱུད་ཀྱིས་ཕུལ་བྱུང་ལྷ་སྐུ་བཞེངས་བཟོའི་ལག་རྩལ་རྒྱུད་འཛིན་བྱས་ཡོད་པ་སྟེ། བོད་རང་སྐྱོང་ལྗོངས་རིམ་པའི་གསེར་ཟངས་སྐུ་བཞེངས་བཟོའི་རྒྱུད་འཛིན་པ་ཞིག་ཡིན་པའི་ཆ་ནས། དོན་གྲུབ་བློ་གྲོས་ཀྱིས་ལྷ་སྐུའི་དབུ་བཞེངས་བཟོ་དཔེར་དྲངས་ནས་གསར་འགོད་པར་ལྷ་སྐུ་བཞེངས་བཟོའི་རྨང་གཞིའི་ལས་རིམ་ངོ་སྤྲོད་བྱས་པ་རེད།
         དོན་གྲུབ་ནོར་བུ་ནི་བོད་རང་སྐྱོང་ལྗོངས་རིམ་པའི་གསེར་ཟངས་སྐུ་བཞེངས་བཟོའི་རྒྱུད་འཛིན་པ་ཞིག་ཡིན་པ་དང་། ཆབ་མདོ་གྲོང་ཁྱེར་སྲིད་གཞུང་གི་རྒྱབ་སྐྱོར་འོག བཟོ་རྩལ་ཁྲིད་སྦྱོང་ཁང་དང་ལས་ཞུགས་གསོ་སྦྱོང་རྟེན་གཞི་བཙུགས་པ་དང་། མིག་སྔར། དགེ་ཕྲུག་མང་པོ་བཟོ་རྩལ་ཁྲིད་སྦྱོར་ཁང་ནས་མཐར་ཕྱིན་ཏེ། རང་ཚུགས་ཟིན་ནས་ལག་རྩལ་པ་མཁས་ཅན་ཞིག་ཏུ་གྱུར་ཡོད་པ་རེད། 
    ༄༅།།ལྷ་སྐུ་བཞེངས་བཟོའི་རྒྱུད་འཛིན་པ་དོན་གྲུབ་ནོར་བུ།
      

    ཕྱོགས་བསྡུས་གསར་འགྱུར།