འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གྲོང་ཚོ་100ལ་གྲོང་གསེབ་ཀྱི་ཡུལ་སྐོར་
    འཕེལ་རྒྱས་གཏོང་རོགས་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་02ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཚེས་30ཉིན་གསར་འགོད་པར་ཀན་སུའུ་ཞིང་ཆེན་གྱི་ཟླ་དང་པོ་ནས་ལྔ་པ་བར་གྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གནས་ཚུལ་དང་སྐབས་བརྒྱད་པའི་ཏུན་ཧོང་དུ་སྐྱོད། དར་གོས་ལམ་བུའི་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཀན་སུའུ་ཞིང་ཆེན་གྱིས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་1བཀོད་སྒྲིག་བྱས་པའི་ཐོག ཀྲུང་དབྱང་ནོར་སྲིད་ནས་མ་དངུལ་སྒོར་དུང་ཕྱུར་6.4བརྩོན་ལེན་བྱས་ཏེ་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གྲོང་ཚོ་100ལ་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་རོགས་བྱ་རྒྱུ་དང་། ཞིང(འབྲོག)པའི་སྤྲོ་སྐྱིད་ཁང་1500འཛུགས་རྒྱུ། དེ་བཞིན་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ནས་དབུལ་པོ་ཁྲི་13དབུལ་སྒྲོལ་ཡོང་ཐབས་ཧུར་ཐག་བྱ་རྒྱུ་རེད།
           ཀན་སུའུ་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་ཁྲེན་ཝུའེ་ཀྲུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་དང་པོ་ནས་ལྔ་པ་བར་ཀན་སུའུ་ཞིང་ཆེན་གྱི་གྲོང་གསེབ་ཀྱི་ཡུལ་སྐོར་ནང་ཞུགས་མཁན་སྔོན་དཔག་བྱས་ན་མི་ཐེངས་ཁྲི་2300ཟིན་རྒྱུ་དང་གྲོང་གསེབ་ཀྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་40ཟིན་རྒྱུ་དེ་ལོ་གོང་མའི་དུས་མཚུངས་ལས་28%དང་35%འཕར་རྒྱུ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། ཀན་སུའུ་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་ཡུལ་སྐོར་དབུལ་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་ཆེད།《ཀན་སུའུ་ཡི་གྲོང་གསེབ་ཀྱི་ཡུལ་སྐོར་འཛུགས་སྐྲུན་སྐོར་གྱི་མཛུབ་ཁྲིད་》ཅེས་པ་བཀྲམ་ནས་ཡུལ་སྐོར་ཆེད་ལས་གྲོང་ཚོ་དང་ཞིང་པའི་སྤྲོ་སྐྱིད་ཁང་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ཁ་ཕྱོགས་བསྟན་པ་དང་། གྲོང་གསེབ་ཡུལ་སྐོར་གྱི་འཛད་སྤྱོད་ལྷུ་ཚིགས་གཙོ་བོའི་ཞབས་ཞུ་དང་རིམ་པ་གཏན་འཁེལ་གྱི་ཚད་གཞི་ཚད་ལྡན་དུ་བཏང་བ། 《ཞིང་ཆེན་ཡོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཡུལ་སྐོར་དབུལ་སྐྱོར་ལས་དོན་གྱི་ལག་བསྟར་ཇུས་གཞི་》བཟོས་ཡོད། སླད་ཕྱིན་ཡུལ་སྐོར་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་3གཅིག་གྱུར་བཀོད་སྒྲིག་བྱས་ཏེ་ལོ་གསུམ་དུ་བགོས་ནས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གྲོང་ཚོ་300ལ་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་རོགས་བྱ་རྒྱུ་དང་། ཞིང(འབྲོག)པའི་སྤྲོ་སྐྱིད་ཁང་5000འཛུགས་རྒྱུ། དེ་བཞིན་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ནས་དབུལ་ཕོངས་དུད་ཚང་ཁྲི་8.5ཡི་དབུལ་པོ་ཁྲི་35དབུལ་སྒྲོལ་ཡོང་བའི་བརྩོན་ལེན་བྱ་རྒྱུ་རེད།
           དེའི་ནང་འདི་ལོ་ཀན་སུའུ་ཞིང་ཆེན་གྱིས་ཡུལ་སྐོར་འཕེལ་རྒྱས་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་1བཀོད་སྒྲིག་བྱས་པའི་ཐོག ཀྲུང་དབྱང་ནོར་སྲིད་ནས་མ་དངུལ་སྒོར་དུང་ཕྱུར་6.4བརྩོན་ལེན་བྱས་ཏེ་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གྲོང་ཚོ་100ལ་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་རོགས་བྱ་རྒྱུ་དང་། ཞིང(འབྲོག)པའི་སྤྲོ་སྐྱིད་ཁང་1500འཛུགས་རྒྱུ། དེ་བཞིན་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ནས་དབུལ་པོ་ཁྲི་13དབུལ་སྒྲོལ་ཡོང་ཐབས་ཧུར་ཐག་བྱ་རྒྱུ་བཅས་ཚུད་ཡོད་པ་རེད།
     
      

    ཕྱོགས་བསྡུས་གསར་འགྱུར།