འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་དྲུག་པར་རྒྱལ་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཞིབ་བཤེར་ཆེ་མོ་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་02ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཟླ་5ཚེས་31ཉིན་ཤེས་རྟོགས་བྱུང་གསལ། ཟླ་དྲུག་པ་ནས་བཟུང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་རྒྱལ་ཡོངས་སུ་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཞིབ་བཤེར་ཆེ་མོ་གཅིག་སྡུད་ཐོག་བྱས་ནས་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་ཀྱི་གཞི་གྲངས་དང་དོ་དམ་གྱི་ཞན་ཆའི་ལྷུ་ཚིགས་མཐིལ་རྟོགས་བྱེད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་ནང་གི་རང་བྱུང་ཐོན་ཁུངས་ལ་གཏོར་སྐྱོན་བཏང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་གནས་ཚུལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་གྲལ་བཤེར་སྔོན་འགོག་དང་བཅོས་སྒྲིག་བྱེད་པ། རང་བྱུང་སྣོད་བཅུད་མ་ལག་གི་སྔར་ཡོད་རང་བཞིན་དང་། ཆ་ཚང་རང་བཞིན། བརྒྱུད་རིམ་རང་བཞིན་བཅས་ཀྱི་སྲུང་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། སྣོད་བཅུད་ཀྱི་དམར་ཐིག་བརྟན་སྲུང་བྱེད་པ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་རྒྱུ་རེད།
           རང་བྱུང་སྲུང་སྐྱོང་ཁུལ་ནི་རང་བྱུང་སྣོད་བཅུད་བར་མཐོངས་ཀྱི་གལ་ཆེ་ཤོས་དང་ཆེས་རྩེར་སོན་གྱི་གྲུབ་ཆ་ཞིག་དང་སྣོད་བཅུད་ཤེས་དཔལ་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་པའི་གཞི་རྟེན་གལ་ཆེན་ཞིག་ཡིན། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། མིག་སྔར་རྒྱལ་ཡོངས་སུ་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་ཁྲི་1ལྷག་ཙམ་ཟིན་པས་རང་རྒྱལ་གྱི་སྐམ་སའི་རྒྱ་ཁྱོན་གྱི་18%ཡས་མས་བཟུང་ཡོད། རང་རྒྱལ་གྱི་ཆེས་དཔེ་མཚོན་གྱི་ནགས་ཚལ་དང་། རྩྭ་ཐང་། འདམ་ར། ཐང་རྒོད་བཅས་ཀྱི་སྣོད་བཅུད་མ་ལག་དང་། སྟོངས་ལ་ཉེ་བ་དང་ཆེས་རྩ་ཆེན་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩྭ་རྩི་ཤིང་གི་ཐོན་ཁུངས། རིན་ཐང་ཆེན་པོ་ལྡན་པའི་རང་བྱུང་ཤུལ་བཞག་བཅས་ཚང་མ་རང་བྱུང་སྲུང་སྐྱོང་ཁུལ་དུ་གཅིག་སྡུད་ཐོག་གནས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།