འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།སངས་རྒྱས་འབུམ་གྱི་ཐང་གའི་སྒྱུ་རྩལ་བརྩམས་ཆོས་རྒྱལ་ཁབ་རྟེན་རྫས་ཁང་དུ་འགྲེམས་
    སྟོན་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་29ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སངས་རྒྱས་འབུམ་གྱི་ཐང་གའི་སྒྱུ་རྩལ་བརྩམས་ཆོས་རྒྱལ་ཁབ་རྟེན་རྫས་ཁང་དུ་འགྲེམས་
སྟོན་བྱེད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་27ཉིན། ཀྲུང་གོའི་ནུབ་རྒྱུད་ཞིབ་འཇུག་དང་འཕེལ་རྒྱས་ཡར་སྐུལ་ཚོགས་པ། རྒྱལ་ཁབ་མི་རིགས་རི་མོའི་སློབ་གླིང་གིས་གཙོ་གཉེར་བྱས་པའི་སངས་རྒྱས་འབུམ་གྱི་ཐང་གའི་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་འགྲེམས་སྟོན་ཁང་དུ་བྱས་པ་དང་། བོད་རིག་པའི་ལས་རིགས་དང་སྒྱུ་རྩལ་ལས་རིགས་པ་སོགས་འབྲེལ་ཡོད་ལས་རིགས་ཀྱི་མི་སྣ་བརྒྱ་ལྷག་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད། 
         འགོ་ཚུགས་མཛད་སྒོའི་ཐོག རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཟུར་པ། ཀྲུང་གོའི་ནུབ་རྒྱུད་ཞིབ་འཇུག་དང་འཕེལ་རྒྱས་ཡར་སྐུལ་ཚོགས་པའི་དོན་སྒྲུབ་པ་ཁྲེན་ལུའུ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ཝང་ལིན་ཞུའུ། ཀྲུང་གོའི་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་ཞིབ་བྲིས་རི་མོའི་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧོ་ཅ་དབྱིན། རྒྱལ་ཁབ་མི་རིགས་རི་མོ་སློབ་གླིང་ཐང་ག་སྒྱུ་རྩལ་ཞིབ་འཇུག་སློབ་གླིང་ཧྲེན་ཀྲེན་ཡན་ལག་སློབ་གླིང་གི་གླིང་གཙོ་དབྱང་ཝེ་ཁྲེན། དེ་བཞིན་དུ་ཐེངས་འདིའི་འགྲེམས་སྟོན་གྱི་སྒྱུ་རྩལ་བ། རྒྱལ་ཁབ་མི་རིགས་རི་མོ་སློབ་གླིང་ཞིབ་འཇུག་གླིང་གི་གླིང་གཙོ་འགན་འཁུར་བ་སངས་རྒྱས་འབུམ་གྱིས་སྔ་རྗེས་སུ་སྨོན་ཚིག་ཞུས་པ་རེད། འགོ་ཚུགས་མཛད་སྒོ་མཇུག་སྒྲིལ་རྗེས་སུ། སྐུ་མགྲོན་ཚོ་དང་མཉམ་དུ་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་ལ་གཟིགས་པ་རེད། 
         སངས་རྒྱས་འབུམ་ནི་ད་ལྟར་རྒྱལ་ཁབ་མི་རིགས་རི་མོ་སློབ་གླིང་གི་ཐང་ག་སྒྱུ་རྩལ་ཞིབ་འཇུག་གླིང་གི་གླིང་གཙོ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་མཛེས་རྩལ་བ་ཡིན་པ་རེད། 
    【1】  【2】  【3】  【4】
    ༄༅།།སངས་རྒྱས་འབུམ་གྱི་ཐང་གའི་སྒྱུ་རྩལ་བརྩམས་ཆོས་རྒྱལ་ཁབ་རྟེན་རྫས་ཁང་དུ་འགྲེམས་
སྟོན་བྱེད་པ།
      

    ཕྱོགས་བསྡུས་གསར་འགྱུར།