འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རིག་གནས་དང་ཡུལ་སྐོར་པུས་དཔའ་བོ་དང་སྔོན་གཤེགས་དཔའ་བོར་དམའ་འབེབས་དང་ངན་སྨྲས་
    བྱེད་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་02ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་དུས་རིག་གནས་དང་ཡུལ་སྐོར་པུས་དཔའ་བོ་དང་སྔོན་གཤེགས་དཔའ་བོར་དམའ་འབེབས་དང་ངན་སྨྲས་བྱེད་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཞིབ་བཤེར་ནན་པོ་བྱས་ནས་དཔའ་བོ་དང་སྔོན་གཤེགས་དཔའ་བོའི་བྱས་རྗེས་དང་སྙིང་སྟོབས་ནང་དོན་འཁྱོག་བཤད་དང་། དམའ་འབེབས། ངན་སྨྲས། ཁྱད་གསོད། ཁས་མི་ལེན་པ་སོགས་དྲ་སྦྲེལ་གྱི་རིག་གནས་བརྩམས་ཆོས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་དྲ་བའི་འགུལ་བརྙན་སོགས་དྲ་སྦྲེལ་གྱི་རིག་གནས་ཁྲོམ་རར་དོ་དམ་ནན་པོ་བྱས་ཏེ་རིག་གནས་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་དགོས་པའི་བཀོད་སྒྲིག་བྱས་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། རིག་གནས་དང་ཡུལ་སྐོར་པུས“རབ་བཏགས་རི་མོ”ཞེས་པའི་དྲ་བའི་གླེང་ཕྱོགས་གནས་ཚུལ་ཞིབ་དཔྱད་ཚད་ལེན་བྱུང་རྗེས་འཕྲལ་མར་ཞིབ་བཤེར་ཐག་གཅོད་བྱེད་དགོས་པའི་བཀོད་སྒྲིག་བྱས་པ་རེད། བརྟག་དཔྱད་བྱས་པ་བརྒྱུད“རབ་བཏགས་རི་མོ”ཞེས་པའི་དྲ་ཚིགས་ཀྱིས“དེ་རིང་གི་འགོ་བརྗོད་གསར་འགྱུར”ཞེས་པའི་ལས་སྟེགས་བརྒྱུད་སྔོན་གཤེགས་དཔའ་བོ་ཏུང་ཚུན་རུའེ་དང་སྔོན་གཤེགས་དཔའ་བོ་ཡེ་ཐིང་གི་བརྩམས་ཆོས་《བཙོན་གླུ་》ཞེས་པར་དམའ་འབེབས་དང་ངན་སྨྲས་བྱེད་པའི་བརྙན་ལམ་བརྒྱུད་སྤེལ་བྱས་པ་དང་དེའི་རང་གཉེར་དྲ་བའི་ཐོག་སྔོན་གཤེགས་དཔའ་བོ་ཏུང་ཚུན་རུའེ་ལ་དམའ་འབེབས་དང་ངན་སྨྲས་བྱེད་པའི་དྲ་བའི་འགུལ་བརྙན་མཁོ་འདོན་བྱས་ཡོད། རིག་གནས་དང་ཡུལ་སྐོར་པུས་ཧྲའན་ཤིས་ཞིང་ཆེན་རིག་གནས་ཐིང་དང་ཤིས་ཨན་གྲོང་ཁྱེར་རིག་གནས་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་དང་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་ཁྲིམས་ལྟར་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་ཐག་གཅོད་བྱས་ཏེ་མགྱོགས་ལ་མྱུར་བའི་སྒོ་ནས་སྲིད་འཛིན་ཆད་པ་ལྕི་པོ་གཅོད་དུ་བཅུག་པ་རེད། “དེ་རིང་གི་འགོ་བརྗོད་གསར་འགྱུར”ལས་སྟེགས་ཀྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་མ་བྱས་པར་སྔོན་གཤེགས་དཔའ་བོར་དམའ་འབེབས་དང་ངན་སྨྲས་བྱས་པའི་བརྙན་ལམ་བརྒྱུད་གཏོང་བྱས་པས་རིག་གནས་དང་ཡུལ་སྐོར་པུས་པེ་ཅིང་གྲོང་ཁྱེར་རིག་གནས་ཁྲོམ་རའི་སྲིད་འཛིན་ཁྲིམས་འཛིན་སྤྱི་ཁྱབ་རུ་ཁག་ལ་ཁྲིམས་ལྟར་གྱོད་དོན་ཐོ་འགོད་ཀྱིས་བརྟག་དཔྱད་བྱེད་དུ་བཅུག་པ་རེད།
            ཆེད་དོན་ཞིབ་བཤེར་ཐག་གཅོད་དང་གཙང་བཤེར་བྱེད་རིང་རིག་གནས་དང་ཡུལ་སྐོར་པུས་འབྲེལ་ཡོད་དྲ་སྦྲེལ་རིག་གནས་ཚན་པར་ཕྱོགས་ཡོངས་ནས་གྲལ་བཤེར་དང་གཙང་བཤེར་ལས་དོན་སྤེལ་ཏེ་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་གཤེགས་དཔའ་བོའི་སྲུང་སྐྱོང་བཅའ་ཁྲིམས་》དང་《དྲ་སྦྲེལ་རིག་གནས་དོ་དམ་གྱི་གནས་སྐབས་ལག་བསྟར་གཏན་འབེབས་》ལ་ནན་པོར་གཞིགས་ནས་ཁྲིམས་འགལ་སྒྲིག་འགལ་དང་འབྲེལ་བའི་ནང་དོན་གྲལ་བཤེར་དང་གཙང་བཤེར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། མིག་སྔར་གྲལ་བཤེར་དང་གཙང་བཤེར་ལས་དོན་རྩ་བའི་ཆ་ནས་ལེགས་གྲུབ་ཟིན་པ་དང་དྲ་སྦྲེལ་རིག་གནས་ཚན་པ་གཙོ་བོ་ཁག་གིས་དྲ་ཐོག་གི་ཁྲིམས་འགལ་སྒྲིག་འགལ་གྱི་བརྙན་ལམ་ཁྲི་6ལྷག་ཙམ་མེད་པ་བཟོས་པ་དང་། འབྲེལ་ཡོད་ཆ་འཕྲིན་ཁྲི་1.7ལྷག་ཙམ་གཙང་བཤེར་བྱས་པ། སྒྲིག་འགལ་རྩིས་ཐོ་8030ཐག་གཅོད་བྱས་ཡོད། རིག་གནས་དང་ཡུལ་སྐོར་པུས་དྲ་སྦྲེལ་རིག་གནས་ཚན་པ་ཁག་གིས་དཔེ་བཞག་རིགས་འགྲེལ་གྱིས་སྔོན་གཤེགས་དཔའ་བོ་དང་འབྲེལ་བ་ཡོད་པའི་བརྗོད་དོན་གྱི་དྲ་སྦྲེལ་རིག་གནས་བརྩམས་ཆོས་ཀྱི་ནང་དོན་སྔར་བས་ཞིབ་བཤེར་ནན་པོ་བྱས་ཏེ་གནད་དོན་དེ་རིགས་སླར་ཡང་ཐོན་རྒྱུ་གཏན་འགོག་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
           རིག་གནས་དང་ཡུལ་སྐོར་པུའི་རིག་གནས་ཁྲོམ་ར་སིའི་འབྲེལ་ཡོད་འགན་ཁུར་བས་རིག་གནས་དང་ཡུལ་སྐོར་པུས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་གཤེགས་དཔའ་བོའི་སྲུང་སྐྱོང་བཅའ་ཁྲིམས་》དང་《དྲ་སྦྲེལ་རིག་གནས་དོ་དམ་གྱི་གནས་སྐབས་ལག་བསྟར་གཏན་འབེབས་》ཀྱི་གཏན་འབེབས་གཞིར་བཟུང་དྲ་སྦྲེལ་རིག་གནས་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།