འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་བྱིས་པའི་བདེ་འཇགས་རྐུབ་སྟེགས་བསྡུར་བའི་
    ཚོད་ལྟའི་འབྲས་བུ་ཡོངས་བསྒྲགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་02ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེའི་སྐབས་ཀྱི་ཟླ་5ཚེས་29ཉིན། ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་བྱིས་པའི་བདེ་འཇགས་རྐུབ་སྟེགས་ཁག་20བསྡུར་བའི་ཚོད་ལྟའི་འབྲས་བུ་ཡོངས་བསྒྲགས་བྱས་པ་རེད།
         རླངས་འཁོར་གྱི་བྱིས་པའི་བདེ་འཇགས་རྐུབ་སྟེགས་ནི་རླངས་འཁོར་ལས་འཛོལ་ཐོན་སྐབས་བྱིས་པར་སྲུང་སྐྱོང་བྱེད་པའི་སྒྲིག་ཆས་གལ་འགངས་ཆེ་ཤོས་ཤིག་རེད། རླངས་འཁོར་ལ་ལས་འཛོལ་ཐོན་སྐབས་བྱིས་པའི་བདེ་འཇགས་རྐུབ་སྟེགས་ཀྱིས་ཚད་གཞི་གང་འདྲ་ཞིག་གི་ཐོག་ནས་སྲུང་སྐྱོང་བྱེད་ཐུབ་ཀྱི་ཡོད་དམ། འཛད་སྤྱོད་པས་བྱིས་པའི་བདེ་འཇགས་རྐུབ་སྟེགས་ཡང་དག་པའི་ངང་བཀོལ་སྤྱོད་བྱ་རྒྱུར་མཛུབ་ཁྲིད་བྱེད་པའི་ཐོན་རྫས་ཀྱི་མཚོན་རྟགས་དང་གསལ་བཤད་ཡི་གེའི་ནང་འཁོད་པའི་བཀོལ་སྤྱོད་གོ་རིམ་དང་ཉེན་བརྡ་གཏོང་བ་སོགས་ཀྱི་ནང་དོན་གོ་བ་ལེན་བདེ་བ་དང་ཆ་ཚང་པོ་ཡོད་མེད། བྱིས་པའི་བདེ་འཇགས་རྐུབ་སྟེགས་ཀྱི་ཐོན་རྫས་ཁྲོད་ལྷག་པའི་གནོད་ཡོད་དངོས་པོ་སྦྱོར་ཚད་ཚད་གཞི་ལས་བརྒལ་ན་བྱིས་པའི་གཟུགས་གཞིར་གནོད་འཚེ་བཟོ་གི་ཡོད་དམ། གནད་དོན་དེ་དག་ལ་དམིགས་ནས་འཛད་སྤྱོད་པ་མང་པོ་ཞིག་གིས་ཐོན་རྫས་དེ་རིགས་འདེམས་ཉོ་བྱེད་སྐབས་ཤེས་འདོད་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད།
          དེར་བརྟེན། ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཁྲོམ་རར་བྲིན་ཚོང་བྱེད་པའི་རླངས་འཁོར་གྱི་གྲགས་ཅན་ཚོང་རྟགས་འགའ་ཤས་ཀྱི་བྱིས་པའི་བདེ་འཇགས་རྐུབ་སྟེགས་ཀྱི་ཐོན་རྫས་བསྡུར་བའི་ཚོད་ལྟ་བྱས་ཤིང་། ཚད་ལེན་ཚོད་ལྟ་དང་བསྡུར་བའི་རྣམ་གྲངས་ཀྱི་གྲས་སུ་རྐུབ་སྟེགས་ཀྱི་བདེ་འཇགས་ནུས་པ་དང་། རྒྱུ་ཆའི་གནོད་ཡོད་དངོས་པོ། གསལ་བཤད་ཡི་གེ དེ་བཞིན་མཚོན་རྟགས་ཀྱི་ནང་དོན་སོགས་ཚུད་ཡོད།
           ཚད་ལེན་ཚོད་ལྟ་དང་བསྡུར་བ་བྱས་འབྲས་ཐོག་མངོན་པར་གཞིགས་ན། ཚོད་ལྟའི་ཐད་མ་དཔེའི་འཐུས་ཚང་རང་བཞིན་ཅུང་ཡག་པ་དང་། མདུན་ངོས་ནས་རྡུང་ཁ་ཤོར་སྐབས་མ་དཔེ་འགའ་ཤས་ཀྱི་བྱིས་པའི་མགོ་བོར་སྲུང་སྐྱོང་བྱེད་པའི་ནུས་པ་སྤྱིར་བཏང་ཡིན་པ། བྲང་ཁོག་ལ་སྲུང་སྐྱོང་བྱེད་པའི་ནུས་པ་ཅུང་ཡག་པོ་ཡོད་པ། གྲོད་ཁོག་གི་དོན་སྣོད་ནང་འཛུལ་རང་བཞིན་གྱི་གནོད་འཚེར་སྲུང་སྐྱོང་ཅུང་ཡག་པོ་ཡོད་པ་བཅས་དང་། གཞན་ཡང་། བྱིས་པའི་བདེ་འཇགས་རྐུབ་སྟེགས་ཀྱི་རྒྱུ་ཆའི་གནོད་ཡོད་དངོས་པོའི་ཚད་ལེན་ཚོད་ལྟ་བྱས་འབྲས་ཅུང་ཡག་པོ་ཡོད་པ་དང་། མ་དཔེ་20ཡི་ཞིབ་དཔྱད་ཚད་ལེན་བྱས་འབྲས་ཚད་གཞི་དང་མཐུན་ཡོད། འོན་ཀྱང་ཞིབ་དཔྱད་ཚད་ལེན་བྱས་འབྲས་ཐོག་ད་དུང་མངོན་པར་གཞིགས་ན། མ་དཔེ་ཕྱེད་ཀ་ཙམ་གྱི་གསལ་བཤད་ཡི་གེ་དང་མཚོན་རྟགས་ཀྱི་ཆ་འཕྲིན་འཐུས་སྒོ་ཚང་པོ་མེད་པ་དང་། ཐོན་རྫས་འགའ་ཤས་ཀྱི་གསལ་བཤད་ཡིག་ཆའི་ཉེན་ཟོན་དང་དེ་བཞིན་མཛུབ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་མེད་པ། འཛད་སྤྱོད་པས་ཐོན་རྫས་དེ་བེད་སྤྱོད་བྱེད་སྐབས་ཐོན་རྫས་དེ་བེད་སྤྱོད་ཡང་དག་བྱེད་ཐབས་བྲལ་བ་དང་། སྒྲིག་སྦྱོར་བྱེད་ཐབས་བྲལ་བ། སྒྲིག་སྟངས་ནོར་བ་སོགས་ཀྱི་གནད་དོན་ཐོན་སླ་པོ་ཡོད། དེར་བརྟེན། ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཐོན་རྫས་གཅིག་མཚུངས་འགའ་ཤས་ལ་ལག་བརྡའི་སྟོན་ཕྱོགས་གསལ་བཤད་ཀྱི་འབྲེལ་ཡོད་རི་མོ་སྣོན་དགོས་པ་དང་། འཛད་སྤྱོད་པར་སྒྲིག་སྦྱོར་གྱི་གོ་རིམ་ཐད་ངེས་པར་དུ་གསལ་བཤད་ཡི་གེའི་འབྲེལ་ཡོད་ཆ་འཕྲིན་སྟོན་པ་དང་དེ་མཚུངས་ཀྱི་མ་དཔེ་འགའ་ཤས་ངེས་པར་དུ་གཤམ་གསལ་གྱི་འབྲེལ་ཡོད་ཉེན་ཟོན་ཆ་འཕྲིན་ནམ་ཡང་ན་གསལ་བརྡའི་ནང་དོན་ནང་འཇུག་དགོས་པ། རླངས་འཁོར་གྱི་ཉེན་སྲུང་སྒྲོག་ཐག་བསྒར་ས་དང་བྱིས་པའི་བདེ་འཇགས་རྐུབ་སྟེགས་འཇོག་གནས་ཡང་དག་མེད་པའི་སྐབས་སུ་སྒྲོག་ཐག་སྨད་རུས་ལ་ཡག་པོར་འཆིང་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།