འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་གིས་གྲོང་ཁྱེར་དང་གྲོང་གསེབ་དང་སྡེ་ཁུལ་གྱི་བཅོས་སྐྱོང་ཆུ་ཚད་ལ་ཤུགས་སྣོན་
    རྒྱག་པ་དང་འཐུས་སྒོ་ཚང་དུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་31ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་ནང་སོག་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་གཉེར་བའི་སྲིད་ཇུས་ཀྱི་འཆར་ཅན་བརྡ་གཏོང་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ནང་སོག་གི་གྲོང་ཁྱེར་དང་གྲོང་གསེབ་དང་སྡེ་ཁུལ་གྱི་བཅོས་སྐྱོང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་དང་སྡེ་ཁུལ་གྱི་བཅོས་སྐྱོང་ལག་ལེན་གྱི་ཉམས་མྱོང་ལ་ཕྱོགས་སྡོམ་དང་གདམ་གསེས་ནན་ཏན་བྱས་རྗེས། ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་《གྲོང་ཁྱེར་དང་གྲོང་གསེབ་དང་སྡེ་ཁུལ་གྱི་བཅོས་སྐྱོང་ལ་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》(གཤམ་དུ་《ལག་བསྟར་བསམ་འཆར་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 《ལག་བསྟར་བསམ་འཆར་》ནང་གྲོང་ཁྱེར་དང་གྲོང་གསེབ་དང་སྡེ་ཁུལ་གྱི་བཅོས་སྐྱོང་སྒྲིག་གཞིའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་ཁ་གསལ་བཏོན་པ་དང་། གཞི་རིམ་ཏང་རྩ་འཛུགས་དང་གཞི་རིམ་སྲིད་གཞུང་། དེ་བཞིན་དེས་མངགས་པའི་སྒྲིག་གཞི། གྲོང་ཁྱེར་གྲོང་གསེབ་དང་སྡེ་ཁུལ་དང་། དེ་བཞིན་སྤྱི་ཚོགས་ཀྱི་སྟོབས་ཤུགས་བཅས་ཀྱི་འགན་ནུས་དང་འགན་འཁྲི་ཁ་གསལ་བཟོས་ཡོད། ལི་ཅིན་ཆི་རྫོང་རིམ་པའི་སྲིད་གཞུང་གི་འགན་ནུས་སྡེ་ཚན་དང་ཁྲོམ་གཞུང་དོན་གཅོད་ཁྲུའུ(སུ་མུའུ་ཤང་གྲོང་རྡལ་སྲིད་གཞུང)དབར་དང་། ཁྲོམ་གཞུང་དོན་གཅོད་ཁྲུའུ(སུ་མུའུ་ཤང་གྲོང་རྡལ་སྲིད་གཞུང)དང་གྲོང་ཁྱེར་གྲོང་གསེབ་དང་སྡེ་ཁུལ་དབར་གྱི་འགན་འཁྲིའི་འབྲེལ་བ་བརྒྱུད་སྡེ་ཁུལ་བཅོས་སྐྱོང་གི་འབྲེལ་བ་ལེགས་སུ་བཏང་ཡོད་པ་རེད།
         དེ་དང་དུས་མཚུངས། 《ལག་བསྟར་བསམ་འཆར་》ནང་། གྲོང་ཁྱེར་གྲོང་གསེབ་དང་སྡེ་ཁུལ་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཞིང་། དུས་རབས་གསར་པའི་སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཚད་གཞི་ཁ་གསལ་བཟོས་པ་དང་སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་བཀོད་ལ་གཏན་འཇགས་རྒྱུ་ནོར་གྱི་ཐོ་བཀོད་བྱ་རྒྱུའི་བླང་བྱ་བཏོན་པ་དང་། གྲོང་ཁྱེར་གྲོང་གསེབ་དང་སྡེ་ཁུལ་གྱི་ཞབས་ཞུ་དེ་སྲིད་གཞུང་གིས་ཞབས་ཞུའི་ལས་གནས་ཉོ་བའི་མཛུབ་སྟོན་རང་བཞིན་གྱི་དཀར་ཆག་ནང་འཇུག་རྒྱུའི་བླང་བྱ་ཁ་གསལ་བཏོན་ཏེ་ལས་ཁུངས་དང་། ཁེ་ལས། བྱ་གཞག་ཚན་པ་བཅས་དང་། རིགས་ཁག་གི་ཁྲོམ་རའི་བྱེད་པོ། སྤྱི་ཚོགས་ཀྱི་སྟོབས་ཤུགས་བཅས་སྡེ་ཁུལ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་འདེད་བཏང་ནས་རིག་གནས་དང་། སློབ་གསོ། ལུས་རྩལ་སོགས་བྱེད་སྒོའི་སྒྲིག་ཆས་སྒོ་ཕྱེ་ནས་སྡེ་ཁུལ་གྱི་ཞབས་ཞུ་མཁོ་འདོན་བྱེད་པ་སོགས་ཁ་གསལ་བཏོན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།