འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲང་ཧའེ་ཡིས་ཧྲང་ཧའེ་རུ་ཡོང་མཁན་གྱི་ལས་ཞུགས་གནས་ཚུལ་སྐོར་གྱི་སྙན་ཞུ་ཡོངས་བསྒྲགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་31ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་29ཉིན། ཧྲང་ཧའེ་གྲོང་ཁྱེར་མི་སྤྱི་ཅུས་ལས་ཞུགས་སྐུལ་འདེད་ལྟེ་གནས་ཀྱིས་ཧྲང་ཧའེ་རུ་《ཧྲང་ཧའེ་གྲོང་ཁྱེར་དུ་ཡོང་མཁན་གྱི་ལས་ཞུགས་གནས་ཚུལ་སྐོར་གྱི་སྙན་ཞུ(2018)》ཁྱབ་བསྒྲགས་བྱས་པ་རེད། ཧྲང་ཧའེ་རུ་ཡོང་མཁན་ཐོན་ལས་ཁག་ནང་ཞུགས་ཚུལ་ལ་གཞིགས་ན། 2018ལོའི་ཟླ་3པར། ཧྲང་ཧའེ་རུ་ལས་ཞུགས་ཐོ་འགོད་བྱས་པའི་ཧྲང་ཧའེ་རུ་ཡོང་མཁན་གྱི་ཁྲོད་དུ་ཐོན་ལས་གཉིས་པར་ཞུགས་མཁན་མི་ཁྲི་124.4ཟིན་པ་དེས་ཧ་ལམ་26.8%བཟུང་བ་དང་ཐོན་ལས་གསུམ་པར་ཞུགས་མཁན་མི་ཁྲི་338.3ཟིན་པ་དེས་ཧ་ལམ་73.1%བཟུང་ཡོད།
          《ཧྲང་ཧའེ་གྲོང་ཁྱེར་དུ་ཡོང་མཁན་གྱི་ལས་ཞུགས་གནས་ཚུལ་སྐོར་གྱི་སྙན་ཞུ(2018)》དེའི་ནང་2013ལོ་ནས་ད་བར་གྱི་ཧྲང་ཧའེ་རུ་ལས་ཞུགས་ཐོ་འགོད་བྱས་པའི་ཆ་འཕྲིན་རྨང་གཞིར་བྱས་པ་དང་། དུས་མཚུངས་ལོ་འཁོར་གྱི་ཟུར་འཐེན་བརྟག་དཔྱད་ཀྱི་གྲངས་གཞི་དང་ཟུང་འབྲེལ་བྱས་ནས་ཞིབ་འཇུག་དང་དབྱེ་ཞིབ་བྱས་པ། ཧྲང་ཧའེ་རུ་ཡོང་མཁན་གྱི་ལས་ཞུགས་གཞི་ཁྱོན་དང་། གྲུབ་ཆའི་ཁྱད་ཆོས། ཁོར་ཡུག་ཆོས་ཉིད། འགྱུར་ལྡོག་འགྲོ་ཕྱོགས་བཅས་ཞིབ་འཇུག་གཏིང་ཟབ་བྱས་ཡོད།
         བསྡོམས་རྩིས་གྲངས་གཞི་ལས་མངོན་པར། 2018ལོའི་ཟླ་3པའི་ཟླ་མཇུག་ཏུ། ཧྲང་ཧའེ་རུ་མི་སྤྱོད་ཚན་པ་ཁག་གིས་ལས་ཞུགས་ཐོ་འགོད(གཤམ་དུ་ལས་ཞུགས་ཐོ་འགོད་ཅེས་བསྡུ་རྒྱུ)བྱས་པའི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་ནས་ཧྲང་ཧའེ་རུ་ཡོང་མཁན་ཁྱོན་མི་ཁྲི་463.3ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་མི་ཁྲི་15.8མང་དུ་སོང་བ་དང་དུས་མཚུངས་ལས་འཕར་ཚད་3.5%ཟིན་ཡོད། ཧྲང་ཧའེ་རུ་ལས་ཞུགས་ཐོ་འགོད་ཐེངས་དང་པོ་བྱས་པའི་མི་གྲངས་ཏེ། ཧྲང་ཧའེ་གྲོང་ཁྱེར་གྱི་ངལ་རྩོལ་མི་སྤྱོད་ཐོ་འགོད་མ་ལག་གིས་ལས་ཞུགས་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་བའི་ཞིང་ཆེན་དང་གྲོང་ཁྱེར་གཞན་གྱི་ངལ་རྩོལ་པའི་མི་གྲངས་ཁྲི་8.4ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་མི་ཁྲི་1.7ཉུང་དུ་སོང་བ་དང་ཆག་ཚད་16.5%ཟིན་ཡོད།
         ཧྲང་ཧའེ་རུ་ལས་ཞུགས་ཐོ་འགོད་བྱས་པའི་ཧྲང་ཧའེ་རུ་ཡོང་མཁན་གྱི་སློབ་རྒྱུས་གྲུབ་ཆར་གཞིགས་ན། 2018ལོའི་ཟླ་3པར་དམའ་རིམ་སློབ་འབྲིང་དང་དེ་མན་གྱི་སློབ་རྒྱུས་ལྡན་པས་ཧ་ལམ་49.9%བཟུང་བ་དང་། མཐོ་རིམ་སློབ་འབྲིང་གི་སློབ་རྒྱུས་ལྡན་པས་ཧ་ལམ་12.3%བཟུང་བ། ཆེད་ཚན་སློབ་ཆེན་གྱི་སློབ་རྒྱུས་ལྡན་པས་ཧ་ལམ་15.3%བཟུང་བ། དངོས་གཞིའི་ཚན་ཁག་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པས་ཧ་ལམ་22.5%བཟུང་ཡོད། ཧྲང་ཧའེ་རུ་ལས་ཞུགས་ཐོ་འགོད་བྱས་པའི་ཞིང་ཆེན་དང་གྲོང་ཁྱེར་གཞན་གྱི་ཐེམ་ཐོ་ཡིན་པའི་ཧྲང་ཧའེ་རུ་ཡོང་མཁན་གྱི་ཁྲོད་དུ་ཆེད་ཚན་སློབ་ཆེན་དང་དེ་ཡན་གྱི་སློབ་རྒྱུས་ལྡན་པས་37.8%བཟུང་ཞིང་། 2013ལོའི་དུས་མཚུངས་ཀྱི་བསྡུར་ཚད་ནི་21.4%ཁོ་ན་ལས་ཟིན་གྱི་མེད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།