འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨུ་རུ་སུའི་ཇུས་འདོན་ཚོགས་པའི་གླེང་སྟེགས་ཐོག་མ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་31ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཚེས་29ཉིན“ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་མཉམ་ལས”ཞེས་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ་དང་ཨ་རུ་སུའི་ཇུས་འདོན་ཚོགས་པའི་མཐོ་རིམ་གླེང་སྟེགས(2018)པེ་ཅིང་དུ་འགོ་ཚུགས་པ་དང་ཀྲུང་གོ་དང་ཨུ་རུ་སུའི་ལས་རིགས་ཁག་གི་རིགས་གཅིག་མཁས་ཅན་300ལྷག་ཙམ་གྱིས་ཀྲུང་གོ་དང་ཨུ་རུ་སུའི་མཉམ་ལས་ཀྱི་མདུན་ལམ་གསར་པར་དམིགས་ནས་བགྲོ་གླེང་སྤེལ་རེས་བྱས་པ་རེད།
          ཀྲུང་གོ་དང་ཨུ་རུ་སུའི་མཛའ་གྲོགས་དང་ཞི་བདེ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞི་ཏའེ་པིང་གོས་ཤིས་ཚིག་རྗོད་སྐབས། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་ལོ་མང་འཕེལ་རྒྱས་བཏང་བ་བརྒྱུད། སྐྱོན་བྲལ་དང་གནད་སྨིན་འཐུས་ཚང་གི་རྒྱལ་ཁབ་ཆེ་མོའི་འབྲེལ་བ་གསར་པར་གྱུར་ཏེ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་དང་། རང་སོ་སོའི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་ནུས་ལྡན་ཐུབ་པ། འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དེ་བས་ལེགས་སུ་འགྲོ་རྒྱུ་དང་ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་བས་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུ་རེད་ཅེས་བཤད།
         ཨུ་རུ་སུའི་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཨུ་རུ་སུའི་རྒྱལ་སྤྱིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་འཛིན་མོར་ཀུ་བློ་ཕུ་ཡིས་འདས་ཟིན་པའི་ལོ་འགའི་རིང་ཀྲུང་གོ་དང་ཨུ་རུ་སུ་ཕྱོགས་གཉིས་ཀྱི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་པོས་ཆབ་སྲིད་ཀྱི་རྣམ་དཔྱོད་ཕུན་སུམ་ཚོགས་པོ་ལྡན་པའི་སྒོ་ནས་སྐད་ཆ་ཤོད་རེས་བྱས་ཏེ་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་ཏུ་བཏང་བ་དང་ས་ཁུལ་གྱི་མཉམ་ལས་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་པར་བྱས་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་སྣ་མང་དང་། བསྟུན་མཁས། འདྲ་མཉམ། ཕན་ཚུན་ཡིད་ཆེས་བཅས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གསར་པ་འགྲུབ་པ་བྱ་རྒྱུ་ནི་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་ཁ་ཕྱོགས་གལ་ཆེན་དེ་རེད་ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།