འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ས་མཐོའི་མཚོ་དང་མཚེའུའི་སྣོད་བཅུད་ཁོར་ཡུག་ལ་ཐོག་མར་ལྟ་ཞིབ་ཚད་ལེན་ཡང་དག་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་31ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གནམ་གཤིས་འགྱུར་ལྡོག་ལས་ས་མཐོའི་མཚོ་དང་མཚེའུའི་སྣོད་བཅུད་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ལ་ཁ་གཏད་གཅོག་པ་དང་། ས་མཐོའི་མཚོ་དང་མཚེའུའི་ཆུ་དཔྱད་སྣོད་བཅུད་ཀྱི་འགྱུར་ལྡོག་གནས་ཚུལ་ཁོང་དུ་ཆུད་ཆེད། ཚེས་28ཉིན། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་དང་མཚོ་སྔོན་ཞིང་ཆེན་ཆུ་བེད་ཆུའི་ཐོན་ཁུངས་རྩད་ཞིབ་ཚད་ལེན་ཅུས་ཀྱིས་འབྲི་ཆུའི་ཚན་རིག་ཁང་དང་མཉམ་འབྲེལ་ཐོག་ཁོ་ལུའུ་ཁོ་མཚེའུའི་སྣོད་བཅུད་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་ཡང་དག་བྱས་ཤིང་། དེ་ནི་ཀྲུང་གོས་ས་མཐོའི་མཚོ་དང་མཚེའུའི་སྣོད་བཅུད་ཁོར་ཡུག་ལ་ཐོག་མར་ལྟ་ཞིབ་ཚད་ལེན་ཡང་དག་བྱས་པ་ཞིག་རེད།
         ཁོ་ལུའུ་ཁོ་མཚེའུ་ནི་ཚྭ་འདམ་གཤོང་སའི་ཚྭ་མེད་མཚེའུ་ཆེ་ཤོས་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་གཏེར་ལེན་ཁ་དང་བར་ཐག་སྤྱི་ལེ་50ཙམ་ཡོད་པ་དང་། ས་བབ་སྨི་2800ལྷག་དང་ཆུ་ངོས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་58ཟིན་གྱི་ཡོད་པ་རེད། ས་ཁུལ་དེ་གའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། 2000ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཁོ་ལུའུ་ཁོ་མཚེའུ་ནས་ཐུའོ་སུའུ་མཚེའུའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་ལྟ་ཞིབ་ཚད་ལེན་ཐད་གནམ་ས་གཞི་གཅིག་ཅན་གྱི་སྣ་འཛོམས་ལྟ་ཞིབ་ཚད་ལེན་བྱེད་ཐབས་ལ་བརྟེན་ནས་མཚེའུ་དེའི་ཆུའི་ཁོར་ཡུག་དང་། མཚེའུ། ཉེ་འཁོར་གྱི་སྣོད་བཅུད་ཁོར་ཡུག་བཅས་ལ་ཚན་རིག་དང་མཐུན་པའི་ཚད་འཇལ་དང་བརྟག་དཔྱད་བྱས་ཏེ་ཚན་རིག་རྟོག་ཞིབ་ཀྱི་གྲངས་གཞི་རྩ་ཆེན་འཐོབ་པ་བྱ་རྒྱུ་རེད།
         གླེང་རིན་ཡོད་པ་ཞིག་ནི། ལྟ་ཞིབ་ཚད་ལེན་ལ་སྤྱོད་པའི་རིག་ནུས་མི་མེད་གྲུ་གཟིངས་ལ་འཚོལ་ཞིབ་མདའ་གཉིས་ཀྱི་རླབས་ཐིག་མང་བའི་ཚད་འཇལ་ལག་རྩལ་སྤྱད་ཡོད་པས་མྱུར་པོ་དང་ཡང་དག་ངང་མཚོ་དང་མཚེའུའི་སྣོད་བཅུད་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་ཐུབ། ལག་རྩལ་དེ་ནི་མིག་སྔར་རྒྱལ་སྤྱིའི་ཐོག་ཆེས་སྔོན་ཐོན་གྱི་ཆུ་འོག་ས་བབ་ཚད་ལེན་ལག་རྩལ་གྱི་གྲས་ཤིག་ཡིན་ལ་རྒྱལ་ནང་དུ་ས་མཐོའི་ས་ཁུལ་དུའང་ཐོག་མར་སྤྱད་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།