འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིང་ཞས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་རིག་གནས་ཐོན་ལས་ཀྱི་དབུལ་སྐྱོར་ལ་སྐུལ་འདེད་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་31ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཚེས་29ཉིན། གསར་འགོད་པར་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་སྲིད་གཞུང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉིང་ཞས་རིག་གནས་ཐོན་ལས་ཀྱི་དབུལ་སྐྱོར་ལག་ལེན་ཤུགས་ཆེན་བསྟར་ནས་རིག་གནས་ཐོན་ལས་གླིང་དང་སྐྱེད་སྲིང་རྟེན་གཞི་འཛུགས་སྐྲུན་མགྱོགས་མྱུར་བྱེད་པ་དང་རྐང་དབང་མ་འཇོག་ལ་བརྟེན་ནས་རིག་གནས་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཁྱད་ལྡན་རིག་གནས་ཐོན་ཟོག་གི་ཟུར་བསྣན་རིན་ཐང་ཆེ་རུ་བཏང་ནས་རིག་གནས་ཐོན་ལས་ལས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ཡིན་པ་རེད།
          ཉེ་དུས། ཉིང་ཞས་བཏོན་པའི་《རིག་གནས་འབྱོར་འབྲིང་ལ་བརྟེན་ནས་དབུལ་གྲོལ་དམངས་ཕྱུག་དང་གྲོང་གསེབ་དར་རྒྱས་ཡོང་བ་བྱེད་པའི་འཐབ་ཇུས་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》ལ་གཞིགས་ཏེ། ཉིང་ཞས་རིག་གནས་ཐོན་ལས་གླིང་མགྱོགས་མྱུར་བསྐྲུན་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་མ་འཇོག་ཐེབས་རྩའི་ནུས་པ་གང་ལེགས་བཏོན་ཁར། རྐང་དབང་མ་འཇོག་ལ་བརྟེན་ཏེ་རིག་གནས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་རིག་གནས་ཐོན་ལས་ཀྱི་ཆེད་དངུལ་དོ་དམ་ཡག་པོ་དང་བེད་ཡག་པོ་སྤྱད་དེ་རྫོང(ཆུས)དབུལ་པོའི་དམངས་གཉེར་རིག་གནས་ཁེ་ལས་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱ་རྒྱུ་དང་རིག་གནས་ཐོན་ལས་ཀྱི་ལས་གཏོད་སྐྱེད་སྲིང་རྟེན་གཞི་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རིག་གནས་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་ཀྱི་རིན་ཐང་འཕར་མ་མང་དུ་གཏོང་རྒྱུ་ཡིན་པ་རེད།
          དེ་དང་ཆབས་ཅིག ཉིང་ཞས་ཁྱད་ལྡན་རིག་གནས་བཏོད་དེ་དམངས་ཕྱུག་ཐོན་ལས་རིག་གནས་ཐོན་ལས་ཀྱི་ནང་དོན་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་དང་རིག་གནས་གསར་གཏོད་ཇུས་འགོད་ལ་བརྟེན་ནས་ཤོག་འདྲས་དང་། ས་ཕག་རྐོས་བཀྲོལ། ཚེམ་དྲུབ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཟོག་གཞན་སྒྱུར་བེད་སྤྱོད་ལ་སྐུལ་འདེད་བཏང་ནས་དེའི་ཟུར་བསྣན་རིན་ཐང་ཆེ་རུ་གཏོང་རྒྱུ་དང་། སྲོལ་རྒྱུན་བཟོ་རྩལ་དར་སྤེལ་འཆར་གཞི་ལག་ལེན་བསྟར་ཏེ་ས་གནས་ཀྱི་མི་རིགས་ཀྱི་དམངས་ཁྲོད་ཁྱད་ལྡན་རིག་གནས་ཐོན་ཁུངས་དང་མངོན་མིན་རིག་གནས་ཤུལ་བཞག་ལ་བརྟེན་ནས་འཐུས་ཚབ་རྒྱུན་འཛིན་པས་དགེ་ཕྲུག་ཁྲིད་དེ་ལག་ཤེས་སློབ་རྒྱུར་སྐུལ་ལྕག་གཏོང་རྒྱུ། གྲོང་ཁྱེར་དང་རྫོང(ཆུས)གི་ཁྱད་ལྡན་རིག་གནས་ཐོན་ཁུངས་མཛོད་བཙུགས་ནས་ཁྱད་ལྡན་རིག་གནས་ཐོན་ལས་ཁག་གཅིག་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱས་ཏེ་ཐོན་ལས་ཀྱི་འཁོར་འབྲེལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་བཅས་ཡིན་པ་རེད།
          ད་དུང་ཉིང་ཞས་གསར་དར་རིག་གནས་མུ་མཐུད་སྐྱེད་བསྲིང་བྱས་ནས། “ཤང་རེར་ཐོན་ཟོག་རེ”དང“གྲོང་ཚོ་རེར་ཐོན་ཟོག་རེའི”རྣམ་གྲངས་འཕེལ་རྒྱས་བཏང་སྟེ་ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་ཡུལ་སྐོར་དང་། ཁྱད་ལྡན་རིག་གནས་ཐོན་ལས་སོགས་གསར་དར་ཐོན་ལས་དང་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། རྫོང(ཆུས)དབུལ་པོ་ཉིང་ཞའི་འགུལ་རིས་དུས་ཆེན་དང་ཡིང་ཁྲོན་གྱི་རིག་གནས་སྒྱུ་རྩལ་གསར་གཏོད་དུས་ཆེན་སོགས་ཀྱི་བྱེད་སྒོར་ཞུགས་རྒྱུར་ལྕག་སྐུལ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།