འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ལག་རྩལ་སྔོན་ཐོན་ཅན་གྱི་ཞབས་ཞུའི་ཁེ་ལས་ཀྱི་ཐོབ་ཁྲལ་ཆག་ཡང་གཏོང་ཆོག་པ།

    2018ལོའི་ཟླ་1ཚེས་1ཉིན་ནས་བཟུང་ཁྲལ་ཚད་15%གཞིར་བཟུང་བསྡུས་པའི་ཁེ་ལས་ཀྱི་ཐོབ་ཁྲལ་ཆག་ཡང་བཏང་ཡོད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་31ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཞབས་ཞུའི་ཚོང་དོན་གསར་གཏོད་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་དང་ཕྱི་ཕྱོགས་ཉོ་ཚོང་གྲུབ་ཆ་སྔར་བས་ལེགས་སུ་གཏོང་ཆེད་ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་ལྔ་ཡིས་ཉེ་ཆར་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས་ཞབས་ཞུའི་ཚོང་དོན་གྱི་གསར་གཏོད་འཕེལ་རྒྱས་ཚོད་ལྟ་བྱ་ཡུལ་ས་ཁུལ་གྱི་ལག་རྩལ་སྔོན་ཐོན་ཅན་གྱི་ཞབས་ཞུའི་ཁེ་ལས་ཀྱི་ཐོབ་ཁྲལ་སྲིད་ཇུས་རྒྱལ་ཡོངས་སུ་ལག་བསྟར་བྱ་རྒྱུ་ཁྱབ་གདལ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད། 2018ལོའི་ཟླ་1ཚེས་1ཉིན་ནས་བཟུང་ངོས་འཛིན་བྱས་པའི་ལག་རྩལ་སྔོན་ཐོན་ཅན་གྱི་ཞབས་ཞུའི་ཁེ་ལས(ཞབས་ཞུ་ཚོང་དོན་རིགས)ཁྲལ་ཚད་15%གཞིར་བཟུང་བསྡུས་པའི་ཁེ་ལས་ཀྱི་ཐོབ་ཁྲལ་ཆག་ཡང་བཏང་ཡོད་པ་རེད།
         བརྡ་ཁྱབ་ནང་ཞིང་ཆེན་རིམ་པའི་ཚན་རྩལ་སྡེ་ཚན་གྱིས་རིམ་པ་དེ་གའི་ཚོང་དོན་དང་། ནོར་སྲིད། ཁྲལ་དོན་དང་འཕེལ་སྒྱུར་སྡེ་ཚན་དང་མཉམ་དུ་དུས་ཐོག་ཏུ《ལག་རྩལ་སྔོན་ཐོན་ཅན་གྱི་ཞབས་ཞུའི་ལས་སྒོའི་ཁྱབ་ཁོངས་ཁོངས་གཏོགས(ཞབས་ཞུ་ཚོང་དོན་རིགས)》ས་ཁུལ་དེ་གའི་ལག་རྩལ་སྔོན་ཐོན་ཅན་གྱི་ཞབས་ཞུའི་ཁེ་ལས་ངོས་འཛིན་དོ་དམ་བྱེད་ཐབས་ནང་ཁ་གསབ་བྱེད་དགོས་པ་དང་ཆབས་ཅིག་དེ་གཞིར་བཟུང་ངོས་འཛིན་དོ་དམ་ལས་དོན་སྤེལ་དགོས་པ། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ནོར་སྲིད་དང་། ཁྲལ་དོན། ཚོང་དོན། ཚན་རྩལ་དང་འཕེལ་སྒྱུར་སྡེ་ཚན་བཅས་ཀྱིས་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཤེས་རྟོགས་བྱུང་མ་ཐག་དུས་ཐོག་ཏུ་ནོར་སྲིད་པུའུ་དང་། ཁྲལ་དོན་སྤྱི་ཁྱབ་ཅུས། ཚོང་དོན་པུའུ། ཚན་རྩལ་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་བཅས་ལ་སྙན་སེང་ཞུ་དགོས། འབྲེལ་ཡོད་སྡེ་ཚན་དང་ལས་དོན་མི་སྣས་ལག་རྩལ་སྔོན་ཐོན་ཅན་གྱི་ཞབས་ཞུའི་ཁེ་ལས་ངོས་འཛིན་བྱེད་པའི་ལས་དོན་ཁྲོད་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལྡན་ཚེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དེ་བསྟུན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་དང་ཉེས་གསོག་གི་དོགས་པ་ཡོད་ཚེ་ཁྲིམས་འཛིན་ལས་ཁུངས་སུ་ཐག་གཅོད་བྱ་རྒྱུར་སྐྱེལ་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།