འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཞི་བདེ་སྲུང་སྐྱོང་ཐེངས་ལྔ་བྱས། ཐོག་མའི་བསམ་འདུན་བརྗེད་མི་འགྱུར། 

    —— ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་འབར་མདེལ་གཙང་སེལ་དམག་མི་རྒན་གྲས་ཀྱི་སྐོར་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་31ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་འབར་མདེལ་གཙང་སེལ་གྱི་ཐོབ་ཐང་བདེན་དཔང་རྩ་འཛུགས་ཀྱི་གོ་རིམ་སླར་ཡང་མངོན་པའི་འདྲ་བཟོའི་དཔྱད་ཞིབ་ལེ་པ་ནོན་ལྷོ་རྒྱུད་ཀྱི་སྦྱོང་བརྡར་ཐང་ཞིག་ཏུ་གོ་རིམ་ལྡན་པའི་ངང་སྤེལ་བ་རེད། རྒྱུགས་དཔོན་གྱིས་རྙོག་འཛིང་ཆེ་བའི་གནས་ཚུལ་སྣ་ཚོགས་འདྲ་བཟོ་བྱས་ཡོད་ཅིང་། ནོར་འཁྲུལ་གཏན་ནས་མ་ཤོར་ཚེ་གཞི་ནས་དཔྱད་ཞིབ་ཐུབ་པ་དང་གཞི་ནས་འབར་མདེལ་ཡོད་སར་ལས་འགན་སྒྲུབ་པར“འགྲོ་ཆོག་པའི་ལག་ཁྱེར”ལེན་ཐུབ།
         དཔྱད་ཞིབ་བྱ་ཡུལ་དུ་ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་17པའི་ནུས་མང་བཟོ་སྐྲུན་དམག་ཡན་ལག་རུ་ཁག་གི་དམག་འཐབ་བཟོ་སྐྲུན་ལན་གྱི་འབར་མདེལ་གཙང་སེལ་ཚོགས་ཆུང་གཉིས་པའི་ཙུའུ་ཀྲང་། རིམ་པ་བཞི་པའི་ཅུན་ཧྲི་ཀྲང་ལི་ཅུན་གྱིས་མཐུག་ཅིང་ལྕི་བའི་འབར་མདེལ་གཙང་སེལ་གོ་ཆས་སྤྲས་པ་དང་ལག་ཏུ་འབར་མདེལ་འཚོལ་ཆས་ཁྱེར་ཏེ་བརྡ་རྟགས་ཡོང་ཁུངས་སུ་བརྟག་ཞིབ་ཚད་ལེན་བྱེད་བཞིན་ཡོད། དུས་ཚོད་སྐར་ཆ་རེ་རེ་བཞིན་སོང་བ་དང་ཕྱི་རོལ་གྱི་དྲོད་ཚད་མཐོ་བས་ལི་ཅུན་གྱི་ལུས་ནས་རྔུལ་ནག་ཁྲུམ་ཁྲུམ་ཐོན་པ་དང་ཁོང་གི་གྱོན་གོས་རྔུལ་ནག་གིས་འཚོས། “སྙན་སེང་ཞུ། བརྡ་རྟགས་ཡོང་ཁུངས་ལ་བརྟག་ཞིབ་ཚད་ལེན་བྱས་པ་དང་མཚོན་རྟགས་བཀོད་ཟིན”ཞེས་རྒྱུགས་དཔོན་ལ་བརྗོད། སྐར་མ་གཉིས་སོང་རྗེས་རྒྱུགས་དཔོན་གྱིས་ལི་ཅུན་གྱི་མཚོན་རྟགས་དང་ཟུང་འབྲེལ་བྱས་ཏེ་བརྡ་རྟགས་ལ་ཚད་ལེན་བྱས་ནས་ལི་ཅུན་གྱིས་བཞག་པའི་མཚོན་རྟགས་འོག་འབར་མདེལ་ཡོད་པ་གཏན་འཁེལ་བྱས།
         འདི་ལོ་ལི་པ་ནོན་དུ་ཞི་བདེ་སྲུང་སྐྱོང་ལས་འགན་སྒྲུབ་པར་སྐྱོད་ཐེངས་ལྔ་པ་ཡིན་པའི་ལི་ཅུན་གྱི་འབར་མདེལ་གཙང་སེལ་རྩལ་ནུས་བྱང་ཧ་ཅང་ཆུབ་པོ་ཡོད། འོན་ཀྱང་རྩལ་ནུས་དེ་ལྷན་སྐྱེས་ཤིག་གཏན་ནས་མིན། དུས་ཡུན་རིང་པོའི་ནང་ལི་ཅུན་གྱིས་འབར་མདེལ་གཙང་སེལ་བྱེད་པའི་ཐད་གཞི་རྩའི་རིག་པ་མི་ཤེས་པ་དང་། གཞི་རྩའི་རྒྱུན་ཤེས་གསལ་པོ་མི་རྟོགས་པ། སྒྲིག་ཆས་ཀྱི་ནུས་པ་ཁོང་དུ་ཆུད་ཀྱི་མེད། འོན་ཀྱང་ངར་སེམས་ཆེ་བའི་ཁོང་གིས་ད་ཡོད་སྒྲིག་ཆས་ཡག་པོ་སྦྱོང་བ་དང་ཆེད་ལས་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་ངེས་པར་དུ་བྱང་ཚད་མཐོ་པོའི་སྒོ་ནས་འབར་མདེལ་གྱི་མངོན་མེད་རྐྱེན་ངན་གཙང་སེལ་བྱེད་ཐུབ་རྒྱུའི་སེམས་ཐག་བཅད་ཡོད།
         འབར་མདེལ་གཙང་སེལ་སྒྲིག་ཆས་ཀྱི་གཞི་རྩའི་གྲུབ་ཚུལ་དང་ཞིབ་ཕྲའི་བཀོལ་སྤྱོད་ཁོང་དུ་ཆུད་ཆེད། ལི་ཅུན་གྱིས་འབར་མདེལ་གཙང་སེལ་ཆེད་ལས་བསླབ་གཞི་སྦྱོང་བ་དང་། པན་ཀྲང་རྒན་གྲས་ཕྱོགས་ནས་སྦྱོང་བརྡར་ཟིན་བྲིས་གཡར་བ། རིགས་པའི་གཞུང་ལུགས་དང་ཤེས་བྱར་ཞིབ་འཇུག་ཞིབ་ཕྲ་བྱེད་པ་སོགས་བྱེད་མྱོང་། གཞན་ཡང་ལྷུ་ལག་རེ་རེའི་ནུས་པ་དང་སྐྱོན་ཤོར་རྗེས་ཇི་ལྟར་བཟོ་དགོས་པ་གསལ་པོ་ཤེས་ཆེད། ཁོང་གིས་ལས་དུས་འཕར་མ་བྱས་ནས་སློབ་སྦྱོང་བྱེད་མྱོང་ཡོད། དུས་ཚོད་ངེས་ཅན་སོང་རྗེས་ལི་ཅུན་གྱི་འབར་མདེལ་གཙང་སེལ་རྩལ་ནུས་མངོན་གསལ་དོད་པོས་ཡག་ཏུ་ཕྱིན་ནས་ཁོང་ཡོད་སའི་ལན་དེར་སྐད་གྲགས་ཡོད་པའི་འབར་མདེལ་གཙང་སེལ་གྱིགདོང་སྐྱོད་དམག་ལ་གྱུར་པ་མ་ཟད། ད་དུང་2009ལོར་ལེ་པ་ནོན་དུ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་ལྔ་པའི་ནང་མངགས་པ། ཁོང་གི་མི་ཚེའི་ཁྲོད་ཀྱི་ཞི་བདེ་སྲུང་སྐྱོང་གི་ལས་འགན་དེ་ནས་བཟུང་སྒྲུབ་འགོ་ཚུགས་པ་རེད། དེ་ནས་ཁོང་གིས་2010ལོ་དང་། 2013ལོ། 2015ལོ་བཅས་ལ་ལི་པ་ནོན་དུ་ཞི་བདེ་སྲུང་སྐྱོང་ལས་འགན་སྒྲུབ་པར་བསྐྱོད་པ་དང་དེའི་རིང་འབར་མདེལ་གཙང་སེལ་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་ཙུའུ་ཀྲང་སོགས་ཀྱི་འགན་ཁུར་བ་རེད།
         དེའི་གོང་ཞི་བདེ་སྲུང་སྐྱོང་གི་ལས་འགན་ཐེངས་ཁ་ཤས་སྒྲུབ་རིང་། ལི་ཅུན་གྱིས་སྣེ་འཁྲིད་པའི་འབར་མདེལ་གཙང་སེལ་ལས་སྒྲུབ་ཚོགས་ཆུང་གི་དཔོན་དམག་མང་ཆེ་བར་འབར་མདེལ་དེ་རིགས་འཕྲད་ཐེངས་དང་པོ་ཡིན་པས་གཙང་སེལ་ལས་ཀར་ཉེན་ཁ་ཆེན་པོ་ཡོད། དེར་བརྟེན་ཕྱི་ཕྱོགས་སུ་ལས་འགན་སྒྲུབ་རིམ་བཞིན་ཁོང་གིས་ཨང་དང་པོར་ཚོད་བཤེར་བྱེད་པ་དང་ཁོང་ཁེར་རྐྱང་མདུན་དུ་ཉལ་ནས་འབར་ཐུབ་མེད་པའི་འབར་མདེལ་དེ་རིགས་ཀྱི་ནུས་པ་ཤོར་ཡོད་མེད་བརྟག་དཔྱད་ཞིབ་ཕྲ་བྱེད་ཀྱི་ཡོད། དེ་ནས་གཟབ་ནན་ངང་འབར་མདེལ་བཤིགས་ནས་འབར་མདེལ་ཨ་མའི་ནང་གི་མདེལ་ཕྲུག་རེ་རེ་བཞིན་ཕྱིར་བཏོན་གྱི་ཡོད། འབར་མདེལ་བཤིག་པའི་བརྒྱུད་རིམ་ཧྲིལ་པོ་གཅིག་ལ་གཅིག་རྟེན་ཡིན་པས་གོ་རིམ་རེ་རེར་ཉེན་ཁ་ཆེན་པོ་ཡོད།
          གཡུལ་སར་ཐེངས་ལྔ་བསྐྱོད་པ་དང་ལི་པ་ནོན་དུ་ཞི་བདེ་སྲུང་སྐྱོང་ལ་ཞུགས་པའི་ལི་ཅུན་གྱིས་འབར་མདེལ་གཙང་སེལ་ལས་སྒྲུབ་ཚོགས་ཆུང་གི་སྣེ་ཁྲིད་དེ་འབར་ཐུབ་མེད་པའི་འབར་མདེལ་སྣ་ཚོགས་དང་འབར་མདེལ་སྟོང་ཕྲག་ཙམ་སྔ་རྗེས་སུ་གཙང་སེལ་བྱས་ནས་གནས་ཚུལ་གང་ཡང་ཐོན་མྱོང་མེད་སྟབས་དབྱི་ཐ་ལི་དང་། སི་ཕེན། ཧྥ་རན་སེ་སོགས་ཀྱི་ཞི་བདེ་སྲུང་སྐྱོང་དཔུང་སྡེས་ཀྱང་རྟག་ཏུ་ཁོང་ཚོའི་ཕྱོགས་ནས་འབར་མདེལ་གཙང་སེལ་གྱི་ཉམས་མྱོང་སློབ་སྦྱོང་བྱེད་ཀྱི་ཡོད།
         ད་ཆ་ལི་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི་འབར་མདེལ་གཙང་སེལ་ཐོབ་ཐང་བདེན་དཔང་གི་ཚད་གཞི་ནི“ཀྲུང་གོའི་ཚད་གཞི”རེད། ལི་ཅུན་གྱིས་སྤོབས་པ་ཆེན་པོའི་ངང“ས་ཕྱོགས་གང་དུ་འབར་མདེལ་གཙང་སེལ་བྱས་ཀྱང་ང་ཚོ་ནི་དབང་གྲགས་ཆེ་ཤོས་ཡིན་ལ། ཚད་གཞིའང་རེད”ཅེས་བརྗོད་བྱུང་། དབྱང་ཧྲོང་ཆོན་དང་ཀྲང་ཀུའེ་ཅེ་ཡིས། 
      

    ཕྱོགས་བསྡུས་གསར་འགྱུར།