འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་APECཚོང་དོན་གྱི་མཐོ་རིམ་དཔོན་རིགས་ཚོགས་འདུའི་ཐོག་ཕྱོགས་མང་
    ཚོང་དོན་སྐུལ་འདེད་ལ་ཐུན་མོང་གི་ངོས་འཛིན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་31ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། 2018ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཚོང་དོན་གྱི་མཐོ་རིམ་དཔོན་རིགས་ཚོགས་འདུ་ཚེས་26ཉིན་ཕ་ཕུ་ཡ་ཀུའེ་ནེ་ཡའི་རྒྱལ་ས་མོར་སི་པི་གྲུ་ཁར་གྲོལ་བ་རེད། ཚོགས་འདུའི་ཐོག་《སྐབས་24པའི་APECཚོང་དོན་པུའུ་ཀྲང་གི་ཚོགས་འདུའི་གསལ་བསྒྲགས་》དང་《ཕྱོགས་མང་ཚོང་དོན་མ་ལག་ལ་རྒྱབ་སྐྱོར་བྱེད་པའི་ཀྲུའུ་ཞིའི་གསལ་བསྒྲགས་》ལ་གྲོས་འཆམ་བྱུང་ནས་ཕྱོགས་མང་ཚོང་དོན་ལ་སྐུལ་འདེད་གཏོང་བའི་ཐད་ཐུན་མོང་ངོས་འཛིན་རྒྱ་ཁྱབ་བྱུང་བ་རེད།
          《སྐབས་24པའི་APECཚོང་དོན་པུའུ་ཀྲང་གི་ཚོགས་འདུའི་གསལ་བསྒྲགས་》ནང་ཚོགས་འདུའི་ཐོག་གཙོ་བོ་ཕྱོགས་བཞིའི་ཐད་ཐུན་མོང་ངོས་འཛིན་བྱུང་བ་སྟེ། གཅིག་ནི་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་ཕུན་ཚུན་སྦྲེལ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ་དང་། གཉིས་ནི་རྒྱུན་མཐུད་ཐུབ་པ་དང་བསྟུན་མཁས་རང་བཞིན་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། གསུམ་ནི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བརྒྱུད་བསྟུན་མཁས་རང་བཞིན་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། བཞི་ནི་དཔལ་འབྱོར་དང་ལག་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་རེད་ཅེས་འཁོད་ཡོད།
         《ཕྱོགས་མང་ཚོང་དོན་མ་ལག་ལ་རྒྱབ་སྐྱོར་བྱེད་པའི་ཀྲུའུ་ཞིའི་གསལ་བསྒྲགས་》ནང་དཔལ་འབྱོར་འཕར་བ་དང་ལས་ཞུགས་གཏོད་པར་སྐུལ་འདེད་གཏོང་བ་དང་དར་རྒྱས་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་རྒྱལ་སྤྱིའི་ཚོང་དོན་གྱི་གལ་ཆེའི་རང་བཞིན་ནན་བཤད་བྱས་པ་དང་། APECཁོངས་མིས་རང་མོས་དང་། སྒོ་འབྱེད། གཞུང་དྲང་བཅས་དང་སྒྲིག་ལམ་ལ་གཞིགས་པའི་ཕྱོགས་མང་ཚོང་དོན་ལ་གཞོལ་དགོས་པ་བསྐྱར་འདོན་བྱས་པ། གོ་ལ་ཧྲིལ་པོའི་རྒྱུན་མཐུད་ངང་འཕར་བ་དེ་ཚོང་དོན་རང་མོས་ཅན་དང་སྟབས་བདེ་ཅན་ལ་གལ་འགངས་ཆེ་ལུགས་ནན་བཤད་བྱས་པ། APECཁོངས་མི་ཡོངས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་《ཚོང་དོན་སྟབས་བདེ་ཅན་ལ་གྲོས་མཐུན་》ལ་ཆོག་མཆན་སྤྲད་པ་དང་ཆབས་ཅིག་དགའ་བསུ་ཞུས་པ་དང་། ཕྱོགས་ཁག་གིས་གྲོས་མཐུན་དེ་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུའི་འབོད་སྐུལ་ཡང་བྱས་པ་རེད།
         འདི་ལོའི་ལོ་འཁོར་གྱི་APECཚོགས་འདུ་གཙོ་གཉེར་རྒྱལ་ཁབ་ཕ་ཕུ་ཡ་ཀུའེ་ནེ་ཡའི་ཕྱི་འབྲེལ་དང་ཚོང་དོན་པུའུ་ཀྲང་ལུན་པིང་ཁེ·ཕ་ཐོ་ཡིས་མཇུག་འགྲིལ་མཛད་སྒོའི་ཐོག་ཤིས་ཚིག་བསྒྲོན་ནས“ད་ཐེངས་ཀྱི་ཚོགས་འདུ་ཐུགས་གྲ་ལེགས་སྒྲིག་བྱུང་སོང་། APECཁོངས་མིས་མཉམ་དུ་འབད་བརྩོན་བྱས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་རྒྱུན་མཐུད་ཐུབ་པའི་དཔལ་འབྱོར་འཕར་བ་དང་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།