འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་ཝེ་ཧྲན་གྱིས“བཅུད་ལྡན་བཟའ་བཅའི”འཆར་གཞི་ལག་ལེན་བསྟར་ནས་གྲོང་
    གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྲི་3ལྷག་ཙམ་ལ་ཕན་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་29ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་ཡུན་ནན་ཞིང་ཆེན་ཏ་ལི་པའེ་རིགས་རང་སྐྱོང་ཀྲོའུ་ཝེ་ཧྲན་དབྱིས་རིགས་ཧུད་རིགས་རང་སྐྱོང་རྫོང་གིས་སློབ་གསོའི་གནད་སྨིན་དབུལ་སྐྱོར་ལ་ཕྱོགས་ཡོངས་ནས་སྐུལ་མ་གཏོང་ཆེད་མ་དངུལ་སྒོར་དུང་ཕྱུར་6.6བཏང་ནས་སློབ་གསོ་དོ་མཉམ་འཕེལ་རྒྱས་ཡོང་བའི་ཆུ་ཚད་གོང་མཐོར་གཏོང་བ་དང་། འོས་འགན་སློབ་གསོའི་སློབ་གཉེར་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་བཅོས་བྱེད་པ། རྒྱལ་ཁབ་ཀྱི“བཅུད་ལྡན་བཟའ་བཅའ”ལེགས་བཅོས་ཀྱི་འཆར་གཞི་ལག་བསྟར་དོན་འཁྱོལ་བྱས་ཏེ་རྫོང་དེ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་90ཡི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་33000ཙམ་ལ་རྒྱལ་ཁབ་ཀྱི་འཚོ་བཅུད་ལྡན་པའི་བཟའ་བཅའ་ཁ་གསབ་ཀྱི་སྲིད་ཇུས་ལག་ལེན་བསྟར་བས་ཕན་པ་བྱུང་སྟེ་སློབ་གྲྭ་ཡོངས་ཀྱི་ཟ་ཁང་ཚང་མ་འགན་གཙང་ལེན་གྱི་གཉེར་སྐྱོང་མཚམས་འཇོག་བྱས་ནས་སློབ་གྲྭས་ཐད་ཀར་དོ་དམ་དང་ཁེ་སྤོགས་མེད་པར་གཉེར་སྐྱོང་བྱ་རྒྱུ་བྱུང་ཡོད། 2016ལོ་ནས་2017ལོའི་སློབ་དུས་ལ་སྒོར་ཁྲི་2644.64བཏང་ནས་རྫོང་དེ་ཡོངས་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མར་འཚོ་བཅུད་ལྡན་པའི་བཟའ་བཅའ་མཁོ་འདོན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།