འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་གྲ་ནང་རྫོང་གི་ས་ཞིང་གཤིན་པོ་ལས་འབབ་འཕར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་29ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་གྲ་ནང་རྫོང་གིས་གནས་དེ་གའི་གནམ་གཤིས་དང་ཁོར་ཡུག་ལ་བརྟེན་ནས་སྒྲོམ་མཐོའི་འབྲི་ཏ་ས་འཛིན་འདེབས་འཛུགས་རྣམ་གྲངས་ནང་འདྲེན་བྱས་ཏེ་འབྲི་ཏ་ས་འཛིན་རྐང་ཁྲི་20བཏབ་པར་མུའུ་རེ་ནས་ལོ་རེར་སྐྱེ་ལྡན་འབྲི་ཏ་ས་འཛིན་རྒྱ་མ་ཁྲི་16བསྡུ་རྒྱུ་ཡོད། དེ་དག་ཁྲོམ་རར་བྲིན་ཁ་རྒྱུག་པ་དང་ཡུལ་དེ་གའི་ཁྲོམ་རའི་དགོས་མཁོ་བསྐངས་པ་མ་ཟད། ད་དུང་པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་སོགས་གྲོང་ཁྱེར་དུའང་འཚོང་གི་ཡོད། རྣམ་གྲངས་ནང་ཡུལ་དེ་གའི་ཞིང་འབྲོག་པ་དབུལ་པོ་དུད་ཚང་40ལས་ཀར་བསྡུས་པས་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།