འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གཞི་རིམ་སྤྱི་ཚོགས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཐོག་མ་
    ཡུལ་སྨད་ཤང་དུ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་29ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་25ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་བོད་ཀྱི་གཞི་རིམ་སྤྱི་ཚོགས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཐོག་མ་དེ་བཙུགས་པ་རེད། ལས་སྟེགས་བཙུགས་པ་དེས་ཡུལ་སྨད་ཤང་གི་ལས་བྱེད་པ་དང་མང་ཚོགས་ལ་ཁྱིམ་གྱི་སྒོ་རྩ་ནས་སྤྱི་ཚོགས་འགན་བཅོལ་ཐོ་འགོད་དང་། ཁེ་དབང་གི་ཟིན་ཐོ་འདྲི་རྩད་སོགས་ལ་སྟབས་བདེ་ཞིང་མྱུར་བ་དང་ཕན་འབྲས་ཆེ་བའི་ཞབས་འདེགས་མཁོ་འདོན་ཐུབ་རྒྱུ་རེད།
         མང་ཚོགས་ཕར་རྒྱུག་ཚུར་རྒྱུག་མང་པོ་བྱེད་མི་དགོས་པར་ཆ་འཕྲིན་བརྒྱུད་ནས་སྟབས་བདེ་ཡོང་ཆེད། བོད་ཀྱིས“ཉི་འོད་གང་སར་འཕྲོས་པའི”འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བ་དང་། སྤྱི་ཚོགས་འགན་བཅོལ་ཕྱོགས་ཡོངས་ལ་ཁྱབ་པའི་ལས་དོན་ལ་ཤུགས་སྣོན་ཟམ་མི་ཆད་པར་རྒྱག་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སེལ་རྒྱུར་གཙོ་གནད་ཤུགས་སྣོན་རྒྱག་པ་བཅས་བྱས་པ་རེད།
         ལོ་65ལ་སླེབས་པའི་ཡུལ་སྨད་ཤང་གི་རྒན་མོ་ཚེ་རིང་ལྷ་མོས“སྔོན་མ་རྐང་ཐང་མར་རྫོང་གྲོང་ལ་སྤྱི་ཚོགས་འགན་བཅོལ་གྱི་དངུལ་སྐྱེལ་བ་དང་རྒན་གསོའི་དངུལ་ལེན་པར་འགྲོ་དགོས་ཀྱི་ཡོད། སྐབས་རེ་གངས་ཆེན་པོ་བབས་ནས་རི་ལམ་འགག་སྟེ་རྩ་བ་ནས་ཕྱིར་འགྲོ་ཐུབ་ཀྱི་མེད། ད་ཆ་ཁྱིམ་གྱི་སྒོ་རྩ་ནས་སྤྱི་ཚོགས་འགན་བཅོལ་གྱི་འགྲོ་ལུགས་གཉེར་ཆོག་གི་འདུག་ལ། ཞིང་ལས་དངུལ་ཁང་གིས་ཤང་དུ་བཙུགས་པའི་དངུལ་རྩའི་ཞབས་ཞུའི་ས་ཚིགས་ནས་རྒན་གསོའི་དངུལ་ལེན་ཆོག་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། དམངས་ཡོངས་འགན་བཅོལ་ལ་ཞུགས་པའི་འཆར་གཞི་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཆེད། བོད་ཀྱིས་གྲོང་མིའི་སྤྱི་ཚོགས་འགན་བཅོལ་ཆ་འཕྲིན་གྱི་ཞིབ་མཆན་གཏན་འཁེལ་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་པ་དང་དམངས་ཡོངས་འགན་བཅོལ་ལ་ཞུགས་པའི་ཐོ་འགོད་ཀྱི་གྲངས་གཞི་འཐུས་སྒོ་ཚང་དུ་བཏང་ནས་ཞིབ་བཤེར་བྱེད་སྐབས་ཐེམ་དུད་མ་ལུས་པ་དང་། ཐེམ་དུད་ནས་ཁྱིམ་མི་མ་ལུས་པ། ཁྱིམ་མིའི་ཆ་འཕྲིན་མ་ལུས་པ་བཅས་བྱས་ཏེ་མི་ཚང་མ་འགན་བཅོལ་ལ་ཞུགས་པ་དང་འགན་ལེན་བྱེད་དགོས་རིགས་ལ་འགན་ལེན་བྱས་ནས་དོ་དམ་ཞབས་ཞུ་ཞིབ་ཚགས་ཡོང་བར་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།