འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཚན་རྩལ་གྲུབ་འབྲས་ཁག་7000ལྷག་གསོག་
    འཇོག་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་29ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་འཚོགས་པའི་ཚན་རྩལ་གྲུབ་འབྲས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཉེ་བའི་ལོ་གསུམ་ནང་སྔོན་ཐོན་གྱི་སྤྱོད་གོ་ཆོད་པའི་ལག་རྩལ་གྲུབ་འབྲས་ཁག་7700ལྷག་ཙམ་གསོག་འཇོག་བྱས་པ་དང་གཙོ་གནད་ཁྱབ་གདལ་གཏོང་རྒྱུའི་ལག་རྩལ་གྱི་གྲུབ་འབྲས་300ལྷག་ཙམ་ཡོངས་བསྒྲགས་བྱས་པ་དང་། འབྱུང་འགྱུར་སྣོད་བཅུད་འཛུགས་སྐྱོང་དང་། ཐོན་ལས་འཕེལ་རྒྱས། ནགས་ལས་དབུལ་སྐྱོར་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཚན་རྩལ་གྲུབ་འབྲས་བདམས་ཏེ་མུ་མཐུད་ཁྱབ་གདལ་ཤུགས་ཆེན་གཏོང་རྒྱུ་ཡིན་པ་རེད།
         ད་རེས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག“ནགས་ཚལ་གྱིས་PM2.5སོགས་རྡུལ་ཕྲན་དངོས་པོའི་སྙོམས་སྒྲིག་ཚོད་འཛིན་བྱེད་ནུས་དང་ལག་རྩལ་ཞིབ་འཇུག”དང་། “ཞིང་ལས་དང་ནགས་ལས་ཀྱི་ལྷག་དངོས་ཐབས་ལམ་མང་པོའི་ཐོག་ནས་ཚ་སེལ་རླངས་འགྱུར་གྱིས་ཐཱན་གྱི་རྒྱུ་ཆ་ཐོན་སྐྱེད་བྱེད་པའི་འགག་རྩའི་ལག་རྩལ”“སྐྱེ་དངོས་རླངས་འགྱུར་ཐོན་སྦྲེལ་མང་པོའི་ལག་རྩལ”སོགས་ལག་རྩལ་5གཙོ་གནད་ཐོག་འོས་སྦྱོར་བྱས་ཡོད།
         རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཚན་རྩལ་སིའི་སི་ཀྲང་ཧའོ་ཡུས་ཅུན་གྱིས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་པའི་ཐད་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་། ནགས་ཤིང་སྡོང་ཕྲུག་400ལྷག་ཙམ་ཁྱབ་གདལ་བཏང་བ་དང་ནགས་ལས་ཀྱི་གཙོ་རྐང་ལག་རྩལ་མི་སྣ་མི་ཐེངས་ཁྲི་100ལྷག་ཙམ་ལ་གསོ་སྦྱོང་བྱས་ཏེ། ནགས་ལས་སྒྱུར་བཅོས་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།