འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་སྤྱི་པའི་བདེ་འཇགས་དོ་དམ་ལས་དོན་དེ་སྤྲིན་རྩིས་དུས་རབས་སུ་མགྱོགས་
    མྱུར་སླེབས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་29ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གྲངས་གཞི་ཆེ་མོ་དང་། བརྙན་ལམ་ཆེ་མོ། མང་ཚོགས་ཞུགས་པ་བཅས་རང་རྒྱལ་གྱི་གྲོང་ཁྱེར་གྱི་བདེ་འཇགས་བཅོས་སྐྱོང་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་སོགས་སྤྱི་པའི་བདེ་འཇགས་དོ་དམ་ལས་དོན་དེ་སྤྲིན་རྩིས་དུས་རབས་སུ་མགྱོགས་མྱུར་སླེབས་ཡོད་པ་རེད།
         གསར་འགོད་པས་སྐབས་བཞི་པའི་ཀྲུང་གོ་རྒྱལ་སྤྱིའི་གྲངས་གཞི་ཆེ་མོའི་ཐོན་ལས་དངོས་མང་སྟོན་ཚོགས་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གྲངས་འཛིན་ཀྲུང་གོ་འཛུགས་སྐྱོང་བྱེད་པའི་གཙོ་གནད་ཅིག་ཡིན་པའི་ངོས་ནས་བརྗོད་ན། རང་རྒྱལ་གྱི་སྤྱི་པའི་བདེ་འཇགས་དང་སྤྱི་ཚོགས་བཅོས་སྐྱོང་ལས་དོན་དེ་སྤྲིན་རྩིས་དུས་རབས་སུ་མགྱོགས་མྱུར་སླེབས་ཡོད་པ་རེད། སྤྲིན་རྩིས་དུས་རབས་སུ་གྲོང་ཁྱེར་གྱི་རིག་ལྡན་ལྟེ་གནས་ཀྱིས་གྲོང་ཁྱེར་གྱི་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ནས་ཉེན་བརྡ་གཏོང་བ་དང་། འཕྲལ་སྡོམ་བཀོད་འདོམས། རིག་ནུས་ཐབས་ཇུས། དོན་རྐྱེན་དོ་དམ། མཐུན་སྦྱོར་མཉམ་འགུལ་སོགས་ཀྱི་ཐད་ཕྱོགས་བསྡུས་ཞབས་ཞུ་མངོན་འགྱུར་བྱུང་ཡོད། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་བརྒྱུད་སྒྲིག་འགལ་འཁོར་འཇོག་དང་། བདེ་འཇགས་བཅོས་སྐྱོང་གི་དོན་རྐྱེན། གྲོང་ཁྱེར་འཛུགས་སྐྲུན་གྱི་སྒྲིག་བཀོད། བགྲོད་ལམ་སྲུང་སྐྱོང་། འགྲིམ་འགྲུལ་འགག་པ། ཁྲིམས་འགལ་ཉེས་གསོག ཐོལ་བྱུང་དོན་རྐྱེན། ཁོར་ཡུག་སྦགས་བཙོག་སོགས་ལ་ཆ་མཚོན་ན། གྲོང་མི་ཚོས་Appདང་། སྐད་འཕྲིན་སྤྱི་རྟགས། ཁ་པར། བརྙན་ལམ་བཅས་བརྒྱུད་ཐུན་མོང་ཐོག་དོ་དམ་ལས་དོན་ནང་ཞུགས་ཆོག་གི་ཡོད་པ་རེད།
         རིམ་ཁག་སྲིད་གཞུང་གི་གཙོ་ཁྲིད་འོག་རོན་ཐུང་དང་ཧྭ་ཝུའེ་རྒྱལ་ནང་སོགས་སྣེ་འདྲེན་ཁེ་ལས་ཀྱིས“བརྙན་ལམ་ཆེ་མོ་དང་སྤྱི་པའི་བདེ་འཇགས་ཟུང་དུ་སྦྲེལ་སྟངས”བཀོད་སྒྲིག་ཧུར་ཐག་བྱེད་ཀྱི་ཡོད། མིག་སྔར་རོན་ཐུང་རིག་ལྡན་དཀར་གསལ་འདུ་འགོད་དང་། དུས་བདེའི་གྲོང་ཁྱེར། ཕྱོགས་བསྡུས་བཅོས་སྐྱོང་ལས་སྟེགས་བཅས་སི་ཁྲོན་དང་ཧུའུ་ནན་སོགས་སུ་བདེ་བླག་ངང་བཙུགས་ཡོད། སྐབས་འདིའི་གྲངས་འཛིན་དངོས་མང་སྟོན་ཚོགས་ཐོག་རོན་ཐུང་རིག་ལྡན་སྣོད་བཅུད་ཁོར་ཡུག་གི་དྲ་མིག་ཅན་གྱི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ཆེ་མོའི་སྤྲིན་རྩིས་ལས་སྟེགས་ལ་བཟོ་ལས་དང་ཆ་འཕྲིན་ཅན་པུའི་གཞུང་དོན་ཐིང་གིས་སྒྲིག་འཛུགས་བྱས་པའི་2018ལོའི་ཀྲུང་གོའི་གྲངས་གཞི་ཆེ་མོའི་ཕུལ་བྱུང་ཐོན་རྫས་དང་བཀོལ་སྤྱོད་ཐག་གཅོད་ཇུས་གཞིའི“རྩེ་གྲ་བཅུ”ལ་བདམས་ཡོད་པ་རེད། ལས་སྟེགས་དེ་བརྒྱུད་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི“ཁུག་ཆ་མ་ལུས་པར་སྦྲེལ་མཐུད་ཐུབ་པ་དང་སྲུབས་ཁ་མ་ལུས་པ”མངོན་འགྱུར་ཐུབ་པ་དང་། ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་ཚད་ལྡན་དུ་གཏོང་ཐུབ་པ་དང་ཆབས་ཅིག་ཆ་འཕྲིན་མཉམ་སྤྱོད་ཐོག་ནས་ཁོར་ཡུག་རྒྱུ་རྐྱེན་གྱི་བརྒྱུད་རིམ་ཧྲིལ་པོར་གནས་ཚུལ་ཐོན་རིམ་བཞིན་དོ་དམ་ཚོད་འཛིན་ཡང་བྱེད་ཐུབ་ཀྱི་ཡོད་པ་རེད།
         མཁའ་འགྲུལ་ལག་རྩལ་མཁོ་འདོན་བྱེད་མཁན་གྱིས་ཧ་ཅང་ཡང་དག་པའི་སྒོ་ནས་གནམ་ཐང་གི“ཚན་རྩལ་མུན་ནག”རབ་དང་རིམ་པ་བཏོན་པ་དཔེར་ན། བཀོལ་སྤྱོད་བྱེད་མཁན་གྱི་ངོ་རིས་དབྱེ་འབྱེད་ལག་རྩལ་གྱི་རང་འགུལ་འཕྲུལ་འཁོར་དང་གནམ་ཐང་དུ་འཁོར་སྐྱོད་བྱས་པའི་གྲངས་གཞི་ཟུང་འབྲེལ་གྱིས་བདེ་འཇགས་མ་ལག་ཤར་གཏོང་བྱས་ནས་འགྲུལ་པས་ཐོབ་ཐང་ལག་ཁྱེར་ཁོ་ནར་བརྟེན་ཏེ་རང་འགུལ་འཕྲུལ་འཁོར་གྱིས་དུས་གཏན་གནམ་གྲུའི་ཆ་འཕྲིན་དང་གནམ་གྲུར་འཛེགས་པའི་དྲན་སྐུལ་རང་འགུལ་དབྱེ་འབྱེད་སོགས་ཀྱི་ཚུར་ལན་བྱེད་ཐུབ་པ་དང་། ལས་སྟེགས་བསྐྲུན་པའི་ལག་རྩལ་བཟོ་རྩིས་བྱས་ནས་རྒྱང་ཁྲིད་ཚོད་འཛིན་བརྒྱུད་འཕུར་སྐྱོད་ཡོ་བྱད་དང་འཁོར་རིགས་ལ་གྲངས་ཀའི་ཟུར་བཀོད་མཆན་འགྲེལ་བྱེད་པ་དང་དམངས་སྤྱོད་གནམ་ཐང་གི་སྐྱེལ་འདྲེན་ལས་སྒྲུབ་ཀྱི་ལྟེ་བའི་ཁུལ་གྱི་བདེ་འཇགས་ཟབ་ཏུ་བཏང་ནས་མཁའ་དབྱིངས་དང་ས་ངོས་ཀྱི་དོ་དམ་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།