འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཅིའུ་ཅིན་ཧྲན་མཚོ་ཁུལ་
    དུ་འཚམས་འདྲི་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་21ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཅིའུ་ཅིན་ཧྲན་མཚོ་ཁུལ་
དུ་འཚམས་འདྲི་བྱས་པ།
         མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་5ཚེས་13ཉིན་ནས་ཚེས་14ཉིན་བར་དུ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཀྱིས་ཚོགས་གཙོ་གནང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཅིའུ་ཅིན་ཧྲན་མཚོ་ཁུལ་དུ་འཚམས་འདྲི་བྱས་པ་རེད། 
         ཟླ་5ཚེས་13ཉིན་གྱི་ཕྱི་དྲོར། འཐུས་མི་ཚོགས་པ་དང་ཅིའུ་ཅིན་ཧྲན་མཚོ་ཁུལ་ཀྲུང་གོའི་གཅིག་འགྱུར་སྐུལ་འདེད་ལྷན་ཚོགས།  ཅ་ཀྲོའུ་བྱང་མའི་ཞི་བདེའི་གཅིག་གྱུར་སྐུལ་འདེད་ལྷན་ཚོགས། མེ་ཞི་ཞི་བདེའི་གཅིག་གྱུར་སྐུལ་འདེད་ལྷན་ཚོགས་སོགས་ཁུལ་དེ་གའི་ཕྱི་སྡོད་ཀྲུང་གོ་བ་ཚོགས་པའི་འཐུས་མི་དང་བཞུགས་མོལ་བྱས་པ་རེད། ཅིའུ་ཅིན་ཧྲན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ཁང་གི་སྤྱི་ཁྱབ་ཁེ་སྐྱོང་བ་གཞོན་པ་རེན་ཧྥ་ཇང་དང་ཅིའུ་ཅིན་ཧྲན་མཚོ་ཁུལ་གྱི་ཀྲུང་གོའི་གཅིག་འགྱུར་སྐུལ་འདེད་ལྷན་ཚོགས་ཀྱི་ལས་འཛིན་དཔོན་ཁྲེ་ཧུང་ཧུའུ་སོགས་ཞུགས་ཡོད་པ་རེད།      
         འཐུས་མི་ཚོགས་པས་ས་གནས་དེ་གའི་ཕྱི་སྡོད་ཀྲུང་གོ་བ་དང་བོད་རིགས་སྤུན་ཟླ་རྣམས་ལ་བོད་ལྗོངས་ལ་ཉེ་བའི་ལོ་འགའི་རིང་བྱུང་བའི་ལོ་རྒྱུས་རང་བཞིན་ལྡན་པའི་འགྱུར་བ་དང་། ལོ་རྒྱུས་རང་བཞིན་གྱི་ཐོབ་པའི་གྲུབ་འབྲས་བཅས་ངོ་སྤྲད་བྱས་པ་རེད། པད་མ་དབང་འདུས་ཀྱིས། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ལྗོངས་འདི་ཉིད་ལོ་འགའི་རིང་རྗེས་ལུས་ནས་ཡར་ཐོན་དང་། དབུལ་ཕོངས་ནས་ཕྱུག་པོ། སྒོ་བཀག་ནས་སྒོ་འབྱེད་བཅས་བྱུང་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ནས་སྤྱི་ཚོགས་ཀྱི་རྣམ་པར་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། དེང་སྐབས་ཀྱི་བོད་ལྗོངས་ནི་ལོ་རྒྱུས་ཐོག་དར་རྒྱས་ཆེ་ཤོས་ཀྱི་དུས་སྐབས་ཡིན་ཞེས་བརྗོད་པ་རེད། ཕྱི་སྡོད་ཀྲུང་གོ་བ་དང་བོད་རིགས་སྤུན་ཟླ་རྣམས་པས་བོད་ལྗོངས་ཀྱི་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་སྤོབས་སེམས་ཚད་མེད་བྱེད་པ་དང་། ཚང་མས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཕན་ཚུན་ཤེས་རྟོགས་དང་། མེས་རྒྱལ་དང་ཕ་ཡུལ་གྱི་འཕེལ་རྒྱས་ཆེད་མུ་མཐུད་ལེགས་སྐྱེལ་འབུལ་རྒྱུའི་རྣམ་འགྱུར་བསྟན་པ་རེད།   འཚམས་འདྲི་བྱས་རིང་ལ། སྤྱི་ཁྱབ་ཁེ་སྐྱེང་བ་ལོའོ་ལིན་ཆོན་གྱིས་ད་དུང་འཐུས་མི་ཚོགས་པས་དང་ལས་དོན་སྤེལ་རེས་བྱས་པ་རེད། 
    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཅིའུ་ཅིན་ཧྲན་མཚོ་ཁུལ་
དུ་འཚམས་འདྲི་བྱས་པ།
      
    2018-05-16

    ཕྱོགས་བསྡུས་གསར་འགྱུར།