འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།“གློག་ཤུགས་མཁའ་ལམ”ནས་རིམ་རྩིས་བྱས་ན་བོད་ལ་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་
    དུང་ཕྱུར་52ལྷག་ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་29ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་5ཚེས་24ཉིན་བར་མཚོ་བོད་དྲ་སྦྲེལ་ལས་གྲྭ་ནས་རིམ་རྩིས་བྱས་ན་བོད་ལ་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་52.1ཟིན་པ་དང་། མཚོ་སྔོན་གློག་དྲར་བོད་དབུས་རྒྱུད་གློག་དྲ་ནས་གློག་འདྲེན་ཚད་རིམ་རྩིས་བྱས་ན་ཆན་ཝ་ཆུ་ཚོད་དུང་ཕྱུར་17.4ཟིན་གྱི་ཡོད།
         རིགས་པའི་གཞུང་ལུགས་ངོས་ནས་བརྗོད་ན་བོད་ལྗོངས་ཆུ་ནུས་ཐོན་ཁུངས་གསོག་ཚད་ཆན་ཝ་དུང་ཕྱུར་2.1ཟིན་པ་ནི“ནུབ་གློག་ཤར་གཏོང”གི་ནུས་རྒྱུ་འབྲེལ་མཐུད་རྟེན་གཞི་གལ་ཆེན་ཞིག་རེད། ཡིན་ནའང་བོད་ཀྱི་གློག་དྲར་དབྱར་དུས་འབེལ་བ་དང་དགུན་དུས་དཀོན་པའི་གློག་ཤུགས་ཀྱི་ཁྱད་གཤིས་ལྡན་པར་བརྟེན་དགུན་དུས་གློག་ཤུགས་ཆུང་བ་དང་ཆུ་འབྲུབ་ཀྱི་དུས་སུ་གློག་ཤུགས་ཆེ་དྲགས་པའི་འགལ་ཟླ་མངོན་གསལ་དོད་པོ་ཡོད་པ་རེད།
         2011ལོའི་ཟླ་11པར། མཚོ་བོད་དྲ་སྦྲེལ་འདུ་འགོད་དངོས་སུ་སྤྱོད་འགོ་ཚུགས་པས་བོད་ཀྱི་གློག་དྲ་དང་ནུབ་བྱང(མཚོ་སྔོན)གློག་དྲ་འབྲེལ་མཐུད་ཐུབ་ནས་བོད་ཀྱི་གློག་དྲ་རྐྱང་པ་ནས་གློག་གཏོང་བའི་ལོ་རྒྱུས་མཇུག་འགྲིལ་བ་རེད། དྲ་སྦྲེལ་འདུ་འགོད་བདེ་འཇགས་ངང་འཁོར་རྒྱུག་ཐུབ་པའི་འགན་ལེན་བྱ་ཆེད། གློག་ཤུགས་སྡེ་ཚན་གྱིས་ལོ་ལྟར་ལོ་བཤེར་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་གློག་སྐུད་དང་སྒྲིག་ཆས་ཀྱི་སྐྱོན་བྲལ་ཆུ་ཚད་མཐོ་རུ་དང་ཁོར་ཡུག་ཞན་པོར་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་གི་ཡོད།
         རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་བོད་དུ་ཆུ་འབྲུབ་དུས་སླེབས་ཉེར་ཡོད་པས་འདི་ལོའི་ལོ་བཤེར་ལས་དོན་མིག་སྔར་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། སྔོན་དཔག་བྱས་ན་ཟླ་6ཚེས་15ཉིན་བར་བྱ་རྒྱུ་རེད། ད་ཐེངས་ཀྱི་ལོ་བཤེར་བྱེད་རིང་མཚོ་སྔོན་མཚོ་ནུབ་ནས་དྲ་ཆེན་གློག་གཏོང་བགྲོད་ལམ་བར་གྱི་ནུས་པ་ཆེ་རུ་གཏོང་བའི་འདུ་འགོད་ལག་ལེན་བསྟར་རྒྱུ་དང་། གློག་འགན་ལེན་དང་། ཞིབ་བཤེར་རྩིས་ལེན། ཞིབ་བཤེར་བཟོ་བཅོས་བཅས་ཀྱི་ལས་ཀའང་དུས་གཅིག་ཏུ་སྤེལ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།