འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཚན་རིག་ཁང་གིས་བདག་ཏུ་མ་བཟུང་བའི་ཉི་ཉ་རིགས་མང་པོར་དབྱེ་རྒྱུ་ཡོད་པ་
    ཞིབ་འཇུག་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་29ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྤྱིའི་ཆེས་སྟོངས་ཉེའི་སྲོག་ཆགས་རིགས་སུ་ཚུད་པའི་ཀྲུང་གོའི་ཉི་ཉ་དེ་དུས་ཡུན་རིང་པོའི་ནང་རིགས་གཅིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཀྲུང་གོ་ཚན་རིག་ཁང་ཁུན་མིང་སྲོག་ཆགས་ཞིབ་འཇུག་ཁང་གིས་སྣེ་ཁྲིད་པའི་རྒྱལ་སྤྱིའི་ཞིབ་འཇུག་ཚོགས་པ་ཞིག་གིས་གཞི་རྒྱུ་སྟབས་བདེ་རུ་བཏོང་བའི་ལག་རྩལ་སྤྱད་པ་ལས་ཉེ་ཆར་ཀྲུང་གོའི་ཉི་ཉར་རིགས་5ནས་8བར་ཡོད་པ་ཤེས་རྟོགས་བྱུང་ཡོད། ཀྲུང་གོ་ཚན་རིག་ཁང་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ད་རེས་ཤེས་རྟོགས་བྱུང་བ་ལས་ཀྲུང་གོའི་ཉི་ཉར་དམིགས་སའི་རང་བཞིན་གྱི་སྲུང་སྐྱོང་བྱ་རྒྱུར་མཛུབ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད་པ་དང་པེ་ཅིང་གི་དུས་ཚོད་ཚེས་22ཉིན་རྒྱལ་སྤྱིའི་རིག་གཞུང་དུས་དེབ་《དེང་རབས་ཀྱི་སྐྱེ་དངོས་རིག་པ་》ཞེས་པར་གྲུབ་འབྲས་དེ་འཁོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།