འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲན་ཤིས་ཙུའོ་ཆོན་གྲོང་དུ“གསར་བརྗེའི་སྤྱོད་བཟང་རྒྱུན་འཛིན”གྱི་བརྗོད་དོན་གཙོ་
    བོའི་སློབ་གསོའི་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་26ཉིན། 12:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་འཕྲིན། ཙུའོ་ཆོན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་སྔར་བས་དར་སྤེལ་གཏོང་ཆེད། ཙུའོ་ཆོན་རྫོང་མི་རབས་རྗེས་མར་སེམས་ཁུར་ལས་དོན་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དམག་དཔོན་ཙུའོ་ཆོན་གྱིས་རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་བློས་བཏང་ནས་ལོ་76འཁོར་མཚམས་སུ“གསར་བརྗེའི་སྤྱོད་བཟང་རྒྱུན་འཛིན་གྱིས་དུས་རབས་ཀྱི་མི་སྣ་གསར་པ་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ནས་མི་རབས་རྗེས་མར་ཐོག་མའི་བསམ་འདུན་མི་བརྗེད་པ་དང་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་བློ་ལ་ངེས་པ་དང་གཅེས་སྤྲས་ཀྱིས་དུས་རབས་གསར་པའི་རྒྱུན་འཛིན་པ་ཡག་པོ་ཞིག་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད། ཧྲན་ཤིས་ཙུའོ་ཆོན་རྫོང་ཨེ་ལེ་ཕུགས་རེའི་སློབ་ཆུང་གི་ལོ་ཆུང་གདོང་ལེན་རུ་མིས་ཙུའོ་ཆོན་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ“གསར་བརྗེའི་སྤྱོད་བཟང་རྒྱུན་འཛིན་གྱིས་དུས་རབས་ཀྱི་མི་སྣ་གསར་པ་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།