འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སྡེ་ཚན་གསུམ་གྱིས་རྒྱལ་ཡོངས་ཀྱི་ཞིང་ལས་ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་ལས་དོན་ལ་
    སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་26ཉིན། 12:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་23ཉིན། ནོར་སྲིད་པུའུ་དང་། ཞིང་ལས་གྲོང་གསེབ་པུའུ། དངུལ་ཁང་འགན་བཅོལ་ལྟ་སྐུལ་ཨུ་ལྷན་བཅས་ཀྱིས་མཉམ་འབྲེལ་ཐོག་རྒྱལ་ཡོངས་ཀྱི་ཞིང་ལས་ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྙན་ལམ་ཚོགས་འདུ་འཚོགས་ཏེ་མིག་སྔར་ཞིང་ལས་ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་ལས་དོན་ལ་གནས་པའི་མགོ་འབུས་ཙམ་གྱི་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ལ་དམིགས་ཏེ་ཚོགས་འདུའི་ཐོག་རིམ་ཁག་འབྲེལ་ཡོད་སྡེ་ཚན་དང་ཞིང་ལས་ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་ཀུང་སིས་ནོར་སྲིད་དང་དངུལ་རྩས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་རྒྱབ་སྐྱོར་བྱེད་པའི་ཁྲོད་རྒྱལ་ཡོངས་ཀྱི་ཞིང་ལས་ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་ལས་དོན་གྱི་ནུས་པ་གལ་ཆེན་ཕྱོགས་ཡོངས་ནས་ཤེས་པར་བྱེད་པ་དང་། ཞིང་ལས་གཞི་ཁྱོན་འོས་འཚམ་ངང་གཉེར་སྐྱོང་ལ་དོ་ཁུར་བྱེད་པའི་སྲིད་ཇུས་རང་བཞིན་གྱི་ངེས་གནས་སྟངས་འཛིན་ནན་པོ་བྱེད་པ། ཁག་ཐེག་གི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་མཐའ་ཚད་ནན་པོ་སྲུང་བ་བཅས་ཀྱི་སྒོ་ནས་རྒྱལ་ཡོངས་ཀྱི་ཞིང་ལས་ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་ལས་དོན་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         ཚོགས་འདུའི་ཐོག ནོར་སྲིད་ནས་རྒྱབ་སྐྱོར་བྱེད་པའི་ཞིང་ལས་ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་དང་། ནོར་སྲིད་དང་དངུལ་རྩས་ཞིང་ལས་ལ་མཉམ་དུ་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་གསར་གཏོད་ཅིག ཞིང་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་མཐོ་བའི་གནད་དོན་སེལ་བའི་ཐབས་ལམ་གལ་ཆེན་ཞིག་བཅས་རེད། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གི་ཐུན་མོང་འབད་བརྩོན་འོག་རྒྱལ་ཡོངས་ཀྱི་ཞིང་ལས་ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་མ་ལག་རགས་ཙམ་ཆགས་ཟིན་པ་དང་། སྲིད་ཇུས་ཀྱི་སྒྲོམ་གཞི་གཞི་རྩའི་ཆར་བསྐྲུན་ཟིན་པ། ལས་སྒོའི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་སོང་བ་བཅས་ཕན་འབྲས་རགས་ཙམ་ཐོན་པར་ཁས་ལེན་བྱེད་དགོས་ངེས་རེད། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་དང་ཞིང་ལས་ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་ཀུང་སིས་ཞིང་ལས་ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་ལས་དོན་ཡག་པོ་སྒྲུབ་པའི་དོན་སྙིང་གལ་ཆེན་དང་སྲིད་ཇུས་ཀྱི་ཐབས་ལམ་ལ་གོ་བ་གཏིང་ཟབ་བླངས་ཏེ་བསམ་བློ་གཅིག་གྱུར་དང་། ངོས་འཛིན་མཐོར་གཏོང་། འགན་འཁྲི་གསལ་བཟོ་བཅས་ཀྱི་སྒོ་ནས་ལས་དོན་ལ་སྐུལ་འདེད་མྱུར་པོ་བཏང་སྟེ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་རམ་འདེགས་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
         ཚོགས་འདུའི་ཐོག་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་རྒྱུར་དམ་པོར་དམིགས་ཏེ་རང་འཁྲིའི་འགན་འཁྲི་ལག་ལེན་ཏན་ཏིག་བསྟར་བ་དང་སྒྲིག་ཁྲིམས་སྒྲིག་ལམ་ནན་དུ་བཏང་ནས་སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།