འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།“དྲ་གཙང་2018”ཀྱི་བྱ་སྤྱོད་སྤེལ་ཏེ་དྲ་རྒྱའི་ཆགས་སྲེད་ཆ་འཕྲིན་བཅོས་སྒྲིག་ནན་
    པོ་བྱས་པར་དུས་མཚམས་རང་བཞིན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་26ཉིན། 12:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། དྲ་རྒྱའི་རིག་གནས་ཀྱི་ཁོར་ཡུག་གཙང་དུ་ཏན་ཏིག་གཏོང་ཆེད། འདི་ལོ་ཚུན་དུ“འཆལ་རྡུང་ལོག་སེལ”སྡེ་ཚན་གྱིས་དྲ་ཐོག་ཏུ“འཆལ་རྡུང་ལོག་སེལ”བྱ་ཤུགས་ཆེ་རུ་བཏང་ནས“དྲ་གཙང་2018”ཀྱི་བྱ་སྤྱོད་གཏིང་ཟབ་སྤེལ་ཞིང་། ས་གནས་ཁག་གི“འཆལ་རྡུང་ལོག་སེལ”སྡེ་ཚན་གྱིས་ལྟ་དཔྱད་ཚད་ལེན་དང་གཙང་བཤེར་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ་ཆགས་སྲེད་རིགས་ཀྱི་གནད་ཡོད་ཆ་འཕྲིན་བརྒྱུད་སྤེལ་བྱེད་ཚུལ་ལ་དུས་ཐོག་ཏུ་ཐག་གཅོད་བྱས་པ་དང་། དྲ་སྦྲེལ་ཁེ་ལས་གཙོ་བོས་བྱེད་པོའི་འགན་འཁྲི་དོན་འཁྱོལ་གྱིས་ནང་དོན་ལ་ཞིབ་བཤེར་དང་རང་འགུལ་ངང་ཆ་འཕྲིན་ངན་པ་བསུབ་རྒྱུར་ལྟ་སྐུལ་སྐུལ་འདེད་བཏང་བ། དྲ་རྒྱའི་སྲིད་འཛིན་ནམ་ཡང་ན་ཉེས་དོན་གྱི་གྱོད་གཞི་འབོར་ཆེན་ཞིག་མགྱོགས་ལ་ནན་པའི་ངང་ཞིབ་བཤེར་ཐག་གཅོད་བཅས་བྱས་པ་རེད། བསྡོམས་རྩིས་ལ་གཞིགས་ན། ཟླ་1པོ་ནས་4པའི་བར། ས་གནས་ཁག་གིས་ཆགས་སྲེད་རིགས་ཀྱི་གནད་ཡོད་ཆ་འཕྲིན་ཁྲི་175ལྷག་ཙམ་ཐག་གཅོད་བྱས་པ་དང་། ཆགས་སྲེད་ཀྱི་དྲ་ཚིགས་ཁྲི་2.2མེད་པར་བཟོས་པ། ཆགས་སྲེད་ཆ་འཕྲིན་གྱི་གྱོད་གཞི་390ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།