འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་མི་མེད་གནམ་གྲུའི་གཤམ་འབེབས་བར་སྣང་འཚོལ་ཞིབ་མ་ལག་གི་ཚོད་ལྟ་
    ལེགས་སྒྲུབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་26ཉིན། 12:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཀྲུང་གོ་མཁའ་འགྲུལ་ཚན་རིག་བཟོ་ལས་ཁང་གཉིས་པའི་སུའོ་23གྱིས་རང་བརྟེན་ཞིབ་སྤེལ་བྱས་པའི་མི་མེད་གནམ་གྲུའི་གཤམ་འབེབས་བར་སྣང་འཚོལ་ཞིབ་མ་ལག་བདེ་བླག་ངང་ཚོད་ལྟ་བྱས་ཏེ་རྒྱལ་ནང་དུ་མི་མེད་སྒྲིག་བཀོད་ཆེ་གྲས་སྤྱད་ནས་གནམ་གཤིས་རྩད་ཞིབ་ཚད་ལེན་བྱེད་པའི་སྟོང་ཆ་བསྐངས་པ་རེད།
         ཤེས་རྟོགས་བྱས་པ་ལྟར་ན། ཚོད་ལྟ་དེ་ནི་ཀྲུང་གོའི་གནམ་གཤིས་ཅུས་གནམ་གཤིས་རྩད་ཞིབ་ཚད་ལེན་ལྟེ་གནས་རྒྱ་མཚོ་གནམ་གཤིས་རྩད་ཞིབ་ཚད་ལེན་གྱི་དུས་ཐེངས་དང་པོའི་ལས་གྲྭའི་ཁོངས་སུ་གཏོགས་པ་དང་། མི་མེད་གནམ་གྲུས་འཁྱེར་བའི་བར་སྣང་འཚོལ་ཞིབ་ཡོ་བྱད་དེ་མཐོ་ཚད་སྨི་6000ནས་མར་འཕངས་རྗེས། གནམ་གཤིས་རྒྱུ་རྐྱེན་གྱི་གྲངས་ཐང་དེ་ས་ངོས་ལྟ་སྐུལ་ཚོད་འཛིན་ཁང་དུ་སྐྱེལ་ཐུབ་ཀྱི་རེད།
         ཀྲུང་གོ་གནམ་གཤིས་ཅུས་གནམ་གཤིས་རྩད་ཞིབ་ཚད་ལེན་ལྟེ་གནས་རྟེན་གཞི་ཁང་གི་ཀྲུའུ་རེན་ཀྲང་ཞུའེ་ཧྥེན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། མི་མེད་གནམ་གྲུའི་གཤམ་འབེབས་བར་སྣང་འཚོལ་ཞིབ་མ་ལག་ནི་གནམ་གྲུའི་གནམ་གཤིས་རྩད་ཞིབ་ཚད་ལེན་གྱི་གལ་ཆེན་དང་རྨང་གཞིར་གྱུར་པའི་ཐེག་ཚད་ཅིག་རེད། མ་ལག་དེ་གཙོ་བོར་རླུང་ཁམས་ཆེ་མོའི་དྲོད་ཚད་དང་། བཞའ་ཚན། རླུང་ཚད། རླུང་ཕྱོགས་སོགས་གནམ་གཤིས་རྒྱུ་རྐྱེན་རྩད་ཞིབ་ཚད་ལེན་ཐད་སྤྱོད་ཀྱི་ཡོད་ཅིང་། བེད་སྤྱོད་ཁྱབ་ཁོངས་དང་ས་ཁོངས་ཆེན་པོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།