འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རང་མོས་ཚོང་དོན་གྲུ་ཁ་བསྐྲུན་པ་ལས་ཨེ་ཤེ་ཡའི་སྒོ་དབྱེའི་ཆུ་ཚད་མཐོ་རུ་འགྲོ་རྒྱུ་
    ཡིན་པ།

    ——ཕྱི་རྒྱལ་བས་ཀྲུང་གོའི་སྒོ་དབྱེའི་ཁྱབ་འགྱེད་ནུས་པའི་སྐོར་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་26ཉིན། 12:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          ཧའེ་ནན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཚོང་དོན་གྲུ་ཁ་བསྐྲུན་རྒྱུར་རིམ་བཞིན་འཚོལ་ཞིབ་དང་སྐུལ་འདེད་བརྟན་པོ་གཏོང་རྒྱུར་ཏང་ཀྲུང་དབྱང་གིས་རྒྱབ་སྐྱོར་བྱ་རྒྱུའི་གཏན་འབེབས་བྱས་པའི་གནས་ཚུལ་ཟླ་གོང་མར་ཁྱབ་བསྒྲགས་བྱས་ཚུན། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། ཕྱི་རྒྱལ་གྱི་ལྟ་ཞིབ་མི་སྣས་བྱ་ཐབས་གལ་ཆེན་དེས་ཀྲུང་གོའི་ཆུ་ཚད་མཐོ་བའི་སྒོ་དབྱེའི་ཚད་གཞི་གསར་པ་བཏོད་པ་དང་སྦྲགས་ཚོང་དོན་དང་། མ་འཇོག ཁྲོམ་ར་སོགས་ཕྱོགས་ཁག་ཐད་ཀྱི་ས་གནས་ཀྱི་ཁྱབ་འགྱེད་ནུས་པ་འདོན་སྤེལ་བྱས་ནས་ཨེ་ཤེ་ཡ་ཧྲིལ་པོའི་སྒོ་དབྱེའི་ཆུ་ཚད་མཐོ་རུ་བཏང་བའི་ངོས་འཛིན་བྱེད་ཀྱི་ཡོད།
         ས་ཁམས་ཀྱི་གནས་བབ་ཐོག་ནས་བལྟས་ན། ཧའེ་ནན་འདི་ཉིད་ཞི་བདེ་རྒྱ་མཚོ་ཆེ་མོ་དང་ཧིན་རྡུ་རྒྱ་མཚོ་ཆེ་མོར་ཕྱོགས་པའི་སྒོ་དབྱེའི་སྒོ་མོ་གལ་ཆེན་ཞིག་ཡིན་ལ། ཨེ་ཤེ་ཡ་བྱང་ཤར་དང་ཨེ་ཤེ་ཡ་ཤར་ལྷོ་སྦྲེལ་མཐུད་བྱེད་པའི་ས་ཁོངས་ཀྱི་ལྟེ་བར་གནས་ཡོད་པ་དང་། མངོན་གསལ་དོད་པའི་ས་བབ་ཀྱི་ལེགས་ཆ་ལྡན་ཡོད་པས་དེར་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཚོང་དོན་གྲུ་ཁ་བསྐྲུན་རྒྱུར་མཐུན་རྐྱེན་ལྡན་ཡོད།
         རི་པིན་གྱི་ཨའེ་ཀྲི་སློབ་ཆེན་གྱི་རྒྱལ་སྤྱིའི་ཀྲུང་གོའི་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གདན་ཞུས་ཞིབ་འཇུག་པ་ལིའི་པོས་ཧའེ་ནན་ནི་མཚོ་ཐོག་དར་གོས་ལམ་བུའི་ཐོག་གི་རྟེན་ས་གལ་ཆེན་ཞིག་ཡིན་པས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་བསྐྲུན་པ་དེས་ཉེ་འཁོར་གྱི་རྒྱལ་ཁབ་དང་ས་ཁུལ་ལ་ཁྱབ་འགྱེད་དང་སྐུལ་ཁྲིད་ཀྱི་ནུས་པ་དང་དེ་བཞིན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁྲོམ་རའི་སྒོ་དབྱེའི་དཔེ་སྟོན་ནུས་པའང་འདོན་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།
         ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་ནི་མིག་སྔའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་མཉམ་ལས་ཁྲོད་ལམ་ལྷོངས་ཡག་ཤོས་བྱུང་བ་དང་གསོན་ཤུགས་ཆེ་ཤོས་ལྡན་པའི་མིག་དཔེ་ཞིག་ཡིན་པ་དང་། ཧའེ་ནན་འདི་ཉིད་ཀྲུང་གོས་རྒྱ་མཚོར་བརྟེན་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ས་ཁུལ་དང་སྦྲེལ་མཐུད་བྱེད་པའི་ཆེས་མདུན་གྲལ་ཡིན་པའི་ངོས་ནས་ཉེ་བའི་ལོ་ཤས་ནང་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་འཕེལ་རྒྱས་མྱུར་པོ་བྱུང་ཡོད། གཞུང་ཕྱོགས་ཀྱི་གྲངས་གཞི་ལས་མངོན་གསལ། 2017ལོར་ཧའེ་ནན་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གྱི་དཔལ་འབྱོར་ཚོང་དོན་གྱི་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་215ཙམ་ཟིན་པ་དེས་ཧའེ་ནན་གྱི་ཕྱི་ཕྱོགས་ཚོང་དོན་བསྡོམས་འབོར་གྱི་གསུམ་ཆ་གཅིག་ཙམ་བཟུང་ཡོད་པ་དང་། དུས་མཚུངས་ལས་ལྡབ་1.5འཕར་ཡོད།
         རང་མོས་ཚོང་དོན་གྲུ་ཁ་ནི་མིག་སྔའི་འཛམ་གླིང་གི་ཆུ་ཚད་མཐོ་ཤོས་ཀྱི་སྒོ་དབྱེའི་རྣམ་པ་ཞིག་ཡིན་པ་མ་ཟད། ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེན་པོ་ཨང་གཉིས་པ་དང་དངོས་ཟོག་ཚོང་དོན་རྒྱལ་ཁབ་ཆེ་ཤོས་ཀྱང་ཡིན་པ་རེད། དབྱེ་ཞིབ་མི་སྣས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁས་ཨེ་ཤེ་ཡའི་རྒྱལ་ཁབ་ལ་ཀྲུང་གོའི་ཁྲོམ་ར་ཆེ་མོའི་ནང་མ་འཇོག་ལས་དར་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་རྒྱུའི་གོ་སྐབས་མཁོ་འདོན་བྱས་ནས་གཉིས་ཁེ་གཉིས་ཕན་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།
          འཛམ་གླིང་དངུལ་ཁང་གི་མཐོ་རིམ་དཔལ་འབྱོར་རིག་པ་མཁས་ཅན་ཙེང་ཀྲི་ཧྭ་ཡིས། ཀྲུང་གོའི་རང་མོས་ཚོང་དོན་གྲུ་ཁ་བསྐྲུན་པ་དེས་དེ་བས་སྒོ་དབྱེ་དང་དེ་བས་རང་མོས་ཚོང་གཉེར་བྱེད་པའི་ཁོར་ཡུག་དང་ནུས་ཆེ་སྤུས་ལེགས་ཀྱི་རྨང་གཞིའི་སྒྲིག་བཀོད་བསྐྲུན་ཏེ་ཟུར་སྣོན་རིན་ཐང་ཆེ་བའི་ཚན་རྩལ་དང་ཞབས་ཞུའི་རྣམ་པའི་ཁེ་ལས་དེ་བས་མང་བ་ཀྲུང་གོར་མ་འཇོག་བྱེད་པར་ཡོང་རྒྱུའི་ཡིད་དབང་འགུགས་རྒྱུ་རེད་ཅེས་བརྗོད།
          རྒྱལ་སྤྱིའི་ཡུལ་སྐོར་གླིང་ཕྲན་ཡིན་པའི་ངོས་ནས་ཧའེ་ནན་དུ་2017ལོར་ས་ཁོངས་སྒྲོལ་ནས་ཡུལ་སྐོར་དུ་ཡོང་མཁན་མི་ཐེངས་ཁྲི་111.94ཟིན་པ་དེ་དུས་མཚུངས་ལས་49.5%འཕར་ཏེ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་བརྒྱ་ལ་སྣེ་ལེན་ཞུ་བའི་དམིགས་ཚད་ལོ་3གྱི་སྔ་སྣུར་དུ་ལེགས་གྲུབ་བྱུང་ཡོད། ལོ་དེ་རང་དུ་ཧའེ་ནན་གྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་སྣོན་རིན་ཐང་གིས་GDPབསྡུར་གྲངས་ཀྱི་55.7%བཟུང་ནས་རྒྱལ་ཡོངས་ཀྱི་བརྒྱ་ཆའི་གནས་4.1ལས་མཐོ་བ་བྱུང་བ་དང་། ཞབས་ཞུའི་ལས་རིགས་ཀྱིས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་79.5%ཟིན་ནས་རྒྱལ་ཡོངས་ཀྱི་བརྒྱ་ཆའི་གནས་20.7ལས་མཐོ་བ་བྱུང་ཡོད། གྲངས་གཞིའི་ཐོག་ནས་བལྟས་ཚེ། ཡུལ་སྐོར་ལས་རིགས་དང་ཞབས་ཞུའི་ལས་རིགས་ཀྱིས་ཧའེ་ནན་གྱིས་ལས་འགན་གསར་པ་སྒྲུབ་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།
         ཧྥི་ལི་ཕིན་གྱི་ཡ་ཏེན་ཡའོ་སློབ་ཆེན་ཀྲུང་གོའི་གནད་དོན་རིགས་གཅིག་མཁས་ཅན་ལུའུ་ཤི་ཨའོ་·ཕི་ཐེ་ལོའུ་ཡིས་ཟླ་འདིའི་ཟླ་འགོར་ཀྲུང་གོས་རྒྱལ་ཁབ་59ལ་ཐོངས་མཆན་མི་འགོད་པའི་སྲིད་ཇུས་གསར་པ་ཧའེ་ནན་དུ་དངོས་སུ་དོན་འཁྱོལ་བྱ་རྒྱུའི་ཆོག་མཆན་སྤྲད་པ་དེས་ཧའེ་ནན་དང་ཉེ་འཁོར་རྒྱལ་ཁབ་དང་ས་ཁུལ་གྱི་ཡུལ་སྐོར་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྔར་བས་སྐུལ་འདེད་ཐེབས་རྒྱུ་རེད། གཞན་ཡང་ཧའེ་ནན་འདི་ཉིད་ལོ་གཅིག་དུས་གཅིག་གི་པོ་ཨའོ་ཨེ་ཤེ་ཡའི་གླིང་སྟེགས་ཀྱི་ལོ་ཚོགས་ཚོགས་ཡུལ་ཡང་ཡིན་པས་ཁྱད་དུ་འཕགས་པའི་ས་ཁམས་ཀྱི་གནས་ཡུལ་དང་། གལ་ཆེའི་རྒྱལ་སྤྱིའི་འགྲོ་འོང་ལས་སྟེགས། ཕུན་སུམ་ཚོགས་པའི་དཔལ་འབྱོར་ཐོན་ཁུངས་བཅས་ལས་ཧའེ་ནན་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་གཏོང་ཐུབ་པ་དང་། ས་ཁུལ་གྱི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གསར་པ་དང་ཚོང་ལས་སྦྲེལ་མཐུད་ཀྱི་ལས་སྟེགས་གསར་པར་འགྱུར་རྒྱུ་རེད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།