འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་འདི་ལོ་མུ་མཐུད་རྫོང་དང་ཆུས་79ཡི་གྲོང་གསེབ་གློག་དྲ་སྒྱུར་བཀོད་ལས་གྲྭ་
    ལག་ལེན་བསྟར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་26ཉིན། 12:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀན་སུའུ་ཞིང་ཆེན་གྱིས་2018ལོའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་གྱི་ལས་གྲྭ་ཁྱོན་ཡོངས་ནས་ལས་འགོ་བཙུགས་ཡོད། ད་ཐེངས་ཀྱི་ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར་7.89བཏང་བ་དང་། ཞིང་ཆེན་དེ་ཡོངས་ཀྱི་རྫོང་དང་ཆུས་79དང་འབྲེལ་བ་ཡོད་ཅིང་། གཙོ་བོ་ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་གློག་དྲའི་གློག་རྒྱུན་འདྲེན་སྐུད་ཕྲ་བ་དང་། གློག་འདོན་ནུས་པ་མི་འདང་བ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གནས་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།
         ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཁབ་གློག་དྲ་ཀན་སུའུ་ཞིང་ཆེན་གློག་ཤུཌ་ཀུང་སིས་རིམ་རྩིས་ལྟར་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་101བཏང་སྟེ་ཀན་སུའུ་ཞིང་ཆེན་གྱི་གྲོང་གསེབ་གློག་དྲ་འཛུགས་སྐྲུན་དང་སྒྱུར་བཀོད་ཐད་སྤྱད་པ་དང་། 2015ལོ་དང་2016ལོའི་ཞིང་ཆེན་དེ་ཡོངས་ཀྱི་གནད་སྨིན་དབུལ་སྐྱོར་གྱི་གྲོང་ཚོ་དབུལ་པོའི་སྒུལ་ཤུགས་གློག་ཁྱབ་པའི་ལས་གྲྭ་ལག་ལེན་བསྟར་བས་ཀན་སུའུ་ཞིང་ཆེན་གྱི་གྲོང་ཚོ་དབུལ་པོ་6220ཚང་མར་སྒུལ་ཤུགས་གློག་ཤར་གཏོང་ཐུབ་ཡོད། དེ་དང་ཆབས་ཅིག་འཕྲུལ་ཁྲོན་907འདྲུས་ནས་གློག་དྲ་སྒྱུར་བཀོད་དང་གློག་གཏོང་ལས་ཀ་ལེགས་སྒྲུབ་བྱས་པས། ཞིང་ཁ་མུའུ་ཁྲི་22ཙམ་ལ་ཕན་པ་ཐོབ་ནས་གྲོང་གསེབ་ཀྱི་མི་ཁྲི་268ཀྱི་ཐོན་སྐྱེད་དང་འཚོ་བའི་གློག་སྤྱོད་ཆ་རྐྱེན་ལེགས་སུ་ནུས་ལྡན་ཕྱིན་ཡོད་པ་རེད།
         སྒྱུར་བཀོད་བྱས་རྗེས་ཀྱི་གྲོང་གསེབ་གློག་དྲ་དེ་ཉིད་གྲོང་གསེབ་ས་ཁུལ་གྱི་ཞིང་ཞོར་ཐོན་རྫས་ལས་སྣོན་དང་། གཞི་ཁྱོན་ཅན་གྱི་གསོ་ཚགས། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་སོགས་ཐོན་ལས་གསར་པ་འཕེལ་རྒྱས་དང་དེ་བཞིན་ཞིང་པའི་འཛད་སྤྱོད་རིམ་སྤོར་གྱི་གློག་སྤྱོད་དགོས་མཁོ་དང་དེ་བས་འཚམ་ཐུབ་རྒྱུ་རེད།
         གསར་འགོད་པར་རྒྱལ་ཁབ་གློག་དྲ་ཀན་སུའུ་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་གསལ། 2016ལོ་དང་2017ལོའི་ཀན་སུའུ་ཞིང་ཆེན་གྱི་གྲོང་ཚོ་དབུལ་པོའི་གློག་སྤྱོད་དགོས་མཁོ་ནི་རྩྭ་གཏུབ་འཕྲུལ་འཁོར་དང་། འབྲུ་འདོན་འཕྲུལ་འཁོར། ཕྱེ་འཐག་འཕྲུལ་འཁོར། ཀྲུང་ལུགས་སྨན་རྩྭ་འབྲེག་གཏུབ་འཕྲུལ་འཁོར་བཅས་ཀྱི་གློག་སྤྱོད་ཐེག་ཚད་གཙོ་བོ་ཡིན་པ་དང་། གློག་བཙོངས་པའི་གྲངས་གཞིའི་ངོས་ནས་བརྗོད་ན་2016ལོ་དང་2017ལོར་རྫོང་དང་ཆུས་དབུལ་པོ་ཁག་གི་ཞིང་ལས་ཐོན་སྐྱེད་ལ་གློག་འཚོང་ཚད་ལོར་20%ཡན་འཕར་བ་དང་། འཚོ་བའི་ཐད་གློག་སྤྱོད་ཚད་དང་འཚོང་ཚད་15%ཙམ་འཕར་བས། གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་གྱིས་ས་ཁུལ་དབུལ་པོའི་ཞིང་ལས་ཐོན་སྐྱེད་སྒྲིག་ཆས་དང་གཞི་ཁྱོན་ཅན་གྱི་གསོ་ཚགས་སོགས་དབུལ་སྒྲོལ་ཐོན་ལས་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་གློག་དྲ་ཀན་སུའུ་ཞིང་ཆེན་གློག་ཤུགས་ཀུང་སིས“ཞིང་ཆེན་དེ་ཡོངས་སུ་བཀོད་སྒྲིག་བྱས་པའི་གྲོང་གསེབ་གློག་དྲ་ཕྱོགས་སྒྱུར་རིམ་སྤོར་གྱི་ལོ་གསུམ་གྱི་ཆེད་དོན་འགག་སྒྲོལ”བྱ་སྤྱོད་ལག་ལེན་བསྟར་བཞིན་ཡོད་པ་དང་། གྲོང་གསེབ་གློག་དྲ་སྒྱུར་བཀོད་ལས་གྲྭ་དང་ཟུང་འབྲེལ་གྱིས་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་དང་སྒྱུར་བཀོད་བྱེད་མགྱོགས་སུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུས་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།