འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།གོ་ལ་ཧྲིལ་པོར་རང་རྒྱལ་གྱི་དངུལ་འབྲེལ་གཱ་དུང་ཕྱུར་67ཙམ་བཀྲམ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་26ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དངུལ་འབྲེལ་གྱིས་ཡོངས་བསྒྲགས་བྱས་པའི་《ཀྲུང་གོའི་དངུལ་ཁང་གཱ་ཐོན་ལས་འཕེལ་རྒྱས་ཀྱི་སྙན་ཞུ(2018)》ལས་མངོན་པ་ལྟར་ན། 2017ལོར་དངུལ་འབྲེལ་དྲ་རྒྱ་བརྒྱུད་འབྲེལ་ཉོ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་93.9ཟིན་པ་དེས་གོ་ལ་ཧྲིལ་པོའི་དངུལ་ཁང་གཱ་ཞིབ་རྩིས་ཁྲོམ་རའི་ཐོབ་སྐལ་བཟུང་ཚད་སྔར་བས་མང་དུ་སོང་ཁར་མུ་མཐུད་གོ་ལ་ཧྲིལ་པོའི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད། དེ་དང་ཆབས་ཅིག་དངུལ་ཁང་གཱ་འགྲེམས་ཚད་དང་བདག་སྤྲོད་ཀྱི་གཞི་ཁྱོན་སྔར་བས་ཆེ་རུ་སོང་ནས་དངུལ་འབྲེལ་གཱ་གོ་ལ་ཧྲིལ་པོར་འགྲེམས་ཚད་རིམ་རྩིས་བྱས་ན་དུང་ཕྱུར་66.9ལྷག་ཟིན་པ་དང་། གོ་ལ་ཧྲིལ་པོར་དངུལ་འབྲེལ་གཱ་བདག་སྤྲོད་ཀྱི་དྲ་རྒྱ་དེ་རྒྱལ་ཁབ་དང་ས་ཁུལ་168ལ་རྒྱ་བསྐྱེད་ནས་ཚོང་ཁང་ཁྲི་5000དང་ATMཁྲི་260ལ་ཁྱབ་པས་གཱ་སྤྱོད་པའི་རིན་འཕར་ཞབས་ཞུ་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་འགྲོ་བཞིན་ཡོད་པ་རེད། དེའི་ནང་མངའ་ཁོངས་ནང་བདག་སྤྲོད་མི་བྱེད་པའི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་དངུལ་འབྲེལ་གཱའི་ལག་ཁྱེར་ཁ་པར་ནས་མྱུར་སྤྲོད་དང་དངུལ་འབྲེལ་ICགཱ་ནས་མྱུར་སྤྲོད་སོགས་NFCཡི་ལག་རྩལ་ལ་བརྟེན་པའི་གཏོང་སྤྲོད་ཐོན་ཟོག་མགྱོགས་མྱུར་སྤྱོད་རྒྱུར་སྐུལ་མ་ཐེབས་ཁར། གྲངས་ཉུང་གསང་ཨང་དང་མིང་འགོད་མེད་པའི་ལས་སྒོ་གོང་འཕེལ་མྱུར་པོ་འགྲོ་རྒྱུར་སྐུལ་མ་ཡང་ཐེབས་ཡོད། དངུལ་འབྲེལ་གྱི་རྩ་གཉིས་ཨང་རྟགས་ཀྱི་གཏོང་སྤྲོད་དེ་བྱེད་ནུས་ཀྱི་རྒྱབ་སྐྱོར་ཐད་ཕུན་སུམ་ཇེ་ཚོགས་དང་ལས་རིགས་ནང་བེད་སྤྱོད་ཁྱབ་ཁོངས་མུ་མཐུད་རྒྱ་བསྐྱེད་ཕྱིན་ཁར། མངའ་ཁོངས་ཕྱིའི་རྒྱལ་ཁབ་མང་པོར་བདག་སྤྲོད་ཀྱང་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།